ཉེན་རྟོག་པ་ ༡༠ བསད་འདུག

མའོ་ཤོག་ཁག་གིས་ཉེན་རྟོག་པའི་མོ་ཊ་གས་གཏོར་བཏང་སྟེ་ཉུང་མཐར་མི་ ༡༠ བསད་ཡོད་འདུག

ཕྱི་ཚེས་ ༤ ཉིན་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་རྒྱ་གར་ཨོ་རི་སའི་ཤར་ཕྱོགས་སུ་མའོ་ཤོག་ཁག་གི་དྲག་སྤྱོད་པས་ས་འོག་ཏུ་འབར་རྫས་བཞག་སྟེ་འགྲུལ་བཞུད་བྱེད་བཞིན་པའི་ཉེན་རྟོག་པའི་མོ་ཊ་གསུམ་གྱི་ནང་ནས་གཅིག་གཏོར་ཡོད་པ་དང་། སྐབས་དེའི་གས་གཏོར་ཁྲོད་ཉེན་རྟོག་ ༡༠ ལ་སྲོག་སྐྱོན་དང་གཞན་རྣམས་ལ་རྨས་སྐྱོན་བྱུང་ཡོད་པ་རེད། གས་གཏོར་དེ་ནི་རྒྱ་གར་ནང་སྲིད་བློན་ཆེན་ནུབ་བྷང་གྷལ་ནང་གྱི་མའོ་ཁ་གཏད་ཚོགས་པ་མཉམ་དུ་གྲོས་མོལ་བྱེད་པར་འགྲོ་བཞིན་པའི་སྐབས་ཡིན་འདུག

ཉེན་རྟོག་པའི་རླངས་འཁོར་གཏོར་རྗེས་ཉེན་རྟོག་པ་གཞན་རྣམས་ཀྱིས་མའོ་ངོ་ལོག་པ་རྣམས་དང་མཉམ་དུ་མེ་མདའ་འཕེན་རེས་བྱས་ཡོད་འདུག་ལ། ཤི་རྨས་ཀྱི་གྲངས་ཀ་ད་དུང་འཕར་སྲིད་པ་རེད་ཅེས་འབྲེལ་ཡོད་ཉེན་རྟོག་པའི་མགོ་བས་བཤད་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ཉེན་རྟོག་པ་ ༡༠ བསད་འདུག

  1. གངས་ཕྲུག་བློ་བཟང་ངག་དབང་

    མའོའི་ཤོག་ཁག་དེ་ད་རྒྱ་གར་ནང་དུ་ཡང་སླེབས་ཡོད་པ་འདྲ།
    དེ་འདྲའི་ཧམ་སེམས་དང་སྡུག་སེམས་ནག་པ་ལ།