དབལ་པཎ་ཤང་རོང་སྐོར་སྡེ་བའི་མགོན་ཚེ་ཚང་གི་རང་ལོ་ ༣༦ ཡིན་པའི་གྲྭ་བཀྲ་ཤིས་རྒྱ་མཚོ་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧ ཡས་མས་ཤིག་ལ་རྨ་ཆུ་རྫོང་ཉེན་རྟོག་པས་གློ་བུར་འཛིན་བཟུང་བྱས་ཡོད་པ་དང༌། བཀྲ་ཤིས་རྒྱ་མཚོ་ལགས་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཨ་རིའི་བོད་སྐད་བརྙན་འཕྲིན་ལ་ལྟ་ཉན་བྱེད་པའི་ཡོ་ཆས་གྲྭ་ཤག་ཏུ་འཐེན་འཛུགས་བྱས་པ་དང༌། དེ་བཞིན་ཕྱི་ཕྱོགས་ཁ་བྲལ་བར་ཁ་པར་ཐོག་འབྲེལ་བ་བྱས་ཡོད་པའི་དོགས་གཞི་ཡིན་འདུག
གནས་ཚུལ་གྱི་ཁུངས་ནི་གྲྭ་བཀྲ་ཤིས་རྒྱ་མཚོའའི་སྤུན་བྱམས་པ་ལགས་དང་། རྨ་ཆུའི་སྒྲོལ་དཀར་སྐྱབས་ཀྱི་ཟིན་བྲིས་ཡིན།