༧གོང་ས་མཆོག་གིས་པོ་ལན་ཌིའི་མི་དམངས་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་འདུག
པོ་ལན་ཌིའི་སྲིད་འཛིན་གྱིས་གཙོས་པའི་མི་སྣ་སྐོར་ཞིག་གནམ་གྲུའི་རྡབ་སྐྱོན་འོག་འདས་གྲོངས་སུ་ཕྱིན་པའི་སྐོར་ལ་ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཡུལ་དེའི་སྲིད་བློན་གྱི་མཚན་ཐོག་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་པ་རེད།
༧གོང་ས་མཆོག་གིས་ཕྱག་འཕྲིན་དེའི་ནང་དུ་ཁོང་ཉིད་སྲིད་འཛིན་འདས་པོ་དེར་མཇལ་འཕྲད་གནང་བའི་སྐོར་དང་། སྲིད་འཛིན་འདས་པོ་ཁོང་ནི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་བཅས་ཀྱི་ཐོག་ཁ་ཞེ་གཉིས་མེད་ཀྱིས་སྐུ་ལས་བསྐྱོན་མཁན་ཞིག་ཡིན་སྐོར་བཀོད་ཡོད་འདུག
བཙན་བྱོལ་བོད་གཞུང་གིས་ཀྱང་པོ་ལན་ཌིའི་སྲིད་འཛིན་དང་མི་སྣ་ ༡༣༠ ལྷག་གི་སྐུ་སྲོག་ཤོར་བའི་ཐད་མྱ་ངན་གུས་འདུད་གནང་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་པོ་ལན་ཌིའི་སྲིད་འཛིན་ Kaczynski མཆོག་ཁོང་གི་སྐུ་ཟླ་ Maria དང་། གནམ་གྲུའི་ནང་གི་མི་ ༡༣༠ དང་བཅས་ར་ཤི་ཡར་དུར་མཆོད་རྗེས་དྲན་ཞིག་གི་ཆེད་དུ་ཕེབས་སྐབས་གནམ་གྲུ་བརྡབ་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།