ཇོ་ནང་བརྟན་བཞུགས།

༄༅། །དཔལ་རྒྱལ་བ་ཇོ་ནང་པའི་ཆོས་ལུགས་ལ་གཏོགས་པའི་དད་ལྡན་མཁན་སྤྲུལ་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ།
                     ཆེད་ཞུ།
ཇོ་ནང་བསྟན་པའི་མངའ་བདག་༧སྐྱབས་མགོན་ཁལ་ཁ་༧རྗེ་བཙུན་དམ་པའི་བཀའ་སློབ་ལམ་སྟོན་འོག   ༧ས་གསུམ་འགྲོ་བའི་འདྲེན་པ་ཆེན་པོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་༧ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་སྐུ་ཚེ་མི་ཤིགས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་རྟག་ཏུ་བརྟན་ཅིང་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་ཆེད་བྱེས་བཞུགས་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཇོ་ནང་པ་ཡོངས་ཀྱི་ཚབ་ཞུས་ཏེ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༤ བའི་ཚེས་ ༢༧ ཉིན།  ༧གོང་ས་མཆོག་མ་སུ་རི་ནས་རྡ་སར་ཕེབས་ཏེ་ལོ་ལྔ་བཅུ་འཁོར་པའི་དུས་དྲན་དང་སྟབས་བསྟུན་ཏེ་ཐེག་ཆེན་གཙུག་ལག་ཁང་དུ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་འབུལ་རྒྱུ་དང།  དེ་བཞིན་དུ་ཕྱི་ཚེས་༢༩ཉིན་ཇོ་ནང་བསྟན་པའི་མངའ་བདག་༸སྐྱབས་མགོན་ཁལ་ཁ་༸རྗེ་བཙུན་དམ་པར་གཟིམ་ཆུང་བརྟན་བཞུགས་འབུལ་འཆར་ལགས་ན་དེ་ལུགས་དགོངས་མངའ་ཡོད་པ་ཞུ།  ཞེས་ཇོ་ནང་བསྟན་བཞུགས་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༣ ཉིན།

                                          འབྲེལ་གཏུགས་ཁ་པར་ཨང་།   ཚོགས་གཙོ། 91-9816168533      

                                          དྲུང་ཡིག    91-9805051088

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply