བོད་གཞུང་སྨན་རྩིས་མཐོ་སློབ་དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲཊ།

བོད་གཞུང་སྨན་རྩིས་མཐོ་སློབ་དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲཊ།

༄༅། །བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་དཔེ་མཛོད་དོ་དམ་པའི་ས་མིག་གཅིག་ཏུ་ལས་བྱེད་གསར་དེམས་ཞུ་རྒྱུ་ཡིན་ན། འཛུལ་ཞུགས་བྱ་བློ་ཡོད་རིགས་ནས་ ༢༠༡༠ ཟླ་ ༠༦ ཚེས་ ༡༥ འགྱངས་མེད་དབུས་སྨན་རྩིས་ཁང་འཛིན་སྐྱོང་ཡིག་ཚང་ལ་འཚང་སྙན་འབུལ་དགོས།

 ཀ། ཤེས་ཚད་དང༌།
མཐོ་སློབ་དཔེ་མཛོད་རིག་པ་(B. Lib)ཐོན་པ། སྒྲིག་འཛུགས་གཞན་ནང་ཕྱག་ལས་གནང་གི་ཡོད་ཚེ་དེ་ནས་དགག་ཆ་མེད་པའི་ངོས་འབྱོར་ངེས་པར་གནང་རོགས།

 ཁ༽ གཞི་རྩའི་ཆ་རྐྱེན།
༡། རང་རིགས་རང་ལོ་ ༡༨ ཡན་དང་ ༤༥ མན་ཡིན་པ།
༢། བཙན་བྱོལ་བོད་མིའི་དང་བླང་དཔྱ་ཁྲལ་དུས་ཐོག་ཕུལ་བའི་ལག་དེབ་ཡོད་པ།
༣། གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་RCཡོད་པ།
༤། ཁྲིམས་ཁང་སོགས་ནས་ནག་ཉེས་ཕོག་པ་མ་ཡིན་པ།
༥། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
༦། ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་ངོས་འཛིན་བྱས་པ་མ་ཡིན་པ།
༧། བོད་མིའི་ཁས་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས་དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།
༨། གོང་གསལ་ཆ་རྐྱེན་དོན་གནད་ཁག་འཐུས་ཚང་ཡོད་པའི་ཁུངས་བསྐྱེལ་ཆེད་ས་གནས་འགོ་འཛིན་ནམ་བདེ་དོན་རང་བདེན་ཚོགས་ཆུང་གང་རུང་གི་ངོས་འབྱོར་ངོ་མ་དང༌། བོད་སྨན་དང་ཕྱི་ལུགས་སྨན་པ་ཚད་ལྡན་གྱིས་བརྟག་དཔྱད་ངོས་འབྱོར་ངོ་མ་མཉམ་སྦྱར་དགོས། ལག་དེབ་དང་ལག་འཁྱེར་སོགས་ཀྱི་ངོ་བཤུས་སྟེང་ས་གནས་བདེ་དོན་ནམ་འགོ་འཛིན་སོགས་ནས་དག་མཆན་ངེས་པར་ཞུ་དགོས།
༩། འཚང་སྙན་འབུལ་མི་རྣམས་ནས་རང་ཉིད་ཀྱི་གློག་འཕྲིན་e-mailདང། ཁ་དཔར་མྱུར་འཕྲིན་telephone & fax numberསོགས་ཀྱི་ཨང་གྲངས་ཁ་གསལ་འགོད་དེ་འཚང་སྙན་འབུལ་དགོས་པ་ཡིད་འཇགས་ཞུ།

 ག༽ སྒྲིག་གསལ་ཕོགས་ཐོབ་དང་མཐུན་རྐྱེན་ཁག
ལས་བྱེད་གནས་རིམ་༨པར་སྒྲིག་གསལ་ཐོབ་ཐང་ཁག་དང༌། ཕོགས་ཐོབ་ཟླ་རེར་སྒོར་ ༩༩༥༠་༥༢ དང༌།  ལས་བྱེད་ངོ་མར་བསྐོ་བཞག་རྗེས་སྒྲིག་གསལ་ལས་ཤག་ཐོབ་རྒྱུ་འམ། ཡང་ན་ཁང་དོད་ཟླ་རེར་སྒོར་ ༡༢༠༠།༠༠ འམ་ ༡༥༠༠།༠༠ ཐོབ་རྒྱུ།

 ང་༽ འདེམས་རྒྱུགས་གཏོང་ཡུལ་དང་ཟླ་ཚེས། 
འདེམས་རྒྱུགས་ཆེད་དབུས་སྨན་རྩིས་ཁང་དུ་ཕེབས་དགོས་ཀྱང༌། ཟླ་ཚེས་རྗེས་སུ་དོ་བདག་སོ་སོར་ལན་གསལ་འབུལ་རྒྱུ་ཡིན།

 སྨན་རྩིས་ཁང་འཛིན་སྐྱོང་ཡིག་ཚང་ནས་ ༢༠༡༠ ཟླ་ ༠༣ ཚེས་ ༢༥ ལ།། །།                                                        དྲུང་ཆེ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply