ཟློས་གར་དགེ་རྒན་འོས་སྦྱོང་གི་གསལ་བསྒྲགས།

ཟློས་གར་དགེ་རྒན་འོས་སྦྱོང་གི་གསལ་བསྒྲགས།

འདི་ག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༨  ནས་བཟུང་བོད་གཞུང་ཟློས་གར་ཚོགས་པར་ལོ་གཅིག་གི་དུས་ཡུན་ཅན་གྱི་ཟློས་གར་དགེ་རྒན་འོས་སྦྱོང་ཞིག་གོ་སྒྲིག་གནང་གཏན་འཁེལ་བའི་ཁོངས་སུ་འོས་སྦྱོང་བ་སློབ་ཕྲུག་བུ་ ༡༠ དང་བུ་མོ་ ༡༠ བཅས་ལ་གོ་སྐབས་གནང་རྒྱུ་ལགས་ན། གཤམ་གསལ་འོས་ཆོས་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༥ འགྱངས་མེད་འབྲེལ་ཡོད་ཡིག་ཆ་ཁག་དང་མཉམ་སྙན་འབུལ་ཆོག་རྒྱུ།

དགོས་མཁོའི་ཆ་རྐྱེན།
༡། བོད་ཡིག་སློབ་ཚན་ཡོད་པའི་སློབ་གྲྭ་གང་རུང་ཞིག་ནས་འཛིན་རིམ་བཅུ་པ་ཐོན་པའི་ལག་འཁྱེར་དང་གྲུབ་འབྲས་ཨང་ཤོག
༢། རང་ལོ་ ༢༧ མ་བརྒལ་བའི་སྐྱེས་ཚེས་ལག་འཁྱེར།
༣། བོད་མི་སྐྱབས་བཅོལ་ལག་འཁྱེར་RCདང༌། རྒྱལ་དོན་དཔྱ་དངུལ་གྲངས་ཚང་ཕུལ་བའི་ལག་དེབ་གཉིས་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༤། རང་ཉིད་ཀྱི་འདྲ་པར་ཁ་གསར་གཉིས།
༥། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་དེ་མིན་སྨན་ཁང་ཚད་ལྡན་ནས་གཟུགས་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་བཅས།
༦། ཕྱི་ལོ་ ༢༠༡༠ ཟླ་ ༣ ནང་འཛིན་རིམ་བཅུ་པའི་རྒྱུགས་སྤྲོད་གཏོང་མཁན་རྣམས་འཛུལ་ཞུགས་ཆོག་ནའང༌། སྙན་ཞུ་མཉམ་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་ངོ་སྤྲོད་ལག་འཁྱེར་(Examination Admission Card)ངོ་བཤུས་མཉམ་སྦྱར་དགོས་རྒྱུ།
    དེ་རིགས་འདེམས་ཐོན་བྱུང་ཚེ་འཛིན་གྲྭ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ངེས་པར་འཕྲོད་པ་དགོས།

གོང་གསལ་ཡིག་ཆ་ཁག་གི་འདྲ་བཤུས་སྟེང་ངོ་འདྲ་ཧེ་བག་མེད་པའི་ས་གནས་འགོ་འཛིན་ནམ། སློབ་སྤྱི། གཞུང་ཞབས་ཟུང་དྲུང་ཡན་གྱི་འགན་ལེན་མཚན་རྟགས་དང་ལས་དམ་ངེས་པར་འཁོད་དགོས། འོས་ཆོས་ཚང་བ་རྣམས་ཕྱི་ལོ་  ༢༠༡༠ ཟླ་ ༦ ཚེས་ ༣༠ ཉིན་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན་པས། སྙན་ཞུ་ནང་དོ་བདག་དང་འབྲེལ་བ་གནང་ཡུལ་ཁ་བྱང་དང༌། ཨི་མེལ། ཁ་པར་ཨང་གྲངས་བཅས་གསལ་འཁོད་དགོས་པའི་གསལ་བསྒྲགས་སུ། བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༥ ལ།  
The Secretary,Department of Education
Central Tibetan Administration
Gangchen Kyishong Dharamsala –176215
Distt. Kangra,H.P. India 
Fax: 01892 – 223481 Tel: 01892 – 222572/ 222721
Email: [email protected]    website: www.tcewf.org

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply