དེ་རིང་གི་ཞོགས་པའི་དུས་ཚོད་ ༡༠ དང་སྐར་མ་ ༥༩ སྟེང་ཐའེ་ཝན་གྱི་མཚོ་རྒྱུད་དུ་ཚད་རིམ་ ༦་༩ ཅན་གྱི་ས་ཡོམ་ཞིག་བརྒྱབ་འདུག
ཨ་རིའི་ས་དཔྱད་ཚན་པས་བཤད་ན། དེ་རིང་ཐའེ་ཝན་མཚོ་འགག་ལ་བརྒྱབ་པའི་ས་ཡོམ་གྱི་ཤུགས་ཚད་ནི་ ༦་༩ རེད་ཟེར་ལ། དེ་ནི་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པའི་ཤུགས་ཚད་དང་གཅིག་མཚུངས་ཆགས་ཡོད་འདུག
ས་ཡོམ་དེ་བརྒྱབ་མ་ཐག་ཐའེ་པེ་གྲོང་ཁྱེར་གྱི་ཁང་བརྩེགས་དག་གཡོ་འགུལ་ཐེབས་ཡོད་འདུག འོན་ཀྱང་ཤི་རྨས་སོགས་ས་ཡོམ་དེའི་ཤུགས་རྐྱེན་སྐོར་ལ་གནས་སྐབས་རིང་གསལ་བཤད་ཅི་ཡང་མི་འདུག
ཨ་རིའི་ས་དཔྱད་སྡེ་ཚན་གྱིས་བཤད་པ་ལྟར་ན། སྐྱེ་རྒུ་མདོའི་ས་ཡོམ་དང་ཐའེ་ཝན་མཚོ་རྒྱུད་ཀྱི་ས་ཡོམ་གཉིས་གཅིག་མཚུངས་ཡིན་འདུག འོན་ཀྱང་། ཐའེ་ཝན་གཞུང་གིས་མཚོ་གཏིང་གི་ས་ཡོམ་ཡོང་རྒྱུའི་ཐད་ད་ལྟའི་ཆར་ཉེན་བརྡ་བཏང་མེད་ཚུལ་འདུག