ཚོགས་གཙོའི་སྐོར་བསྐྱོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ནང་འཚམས་གཟིགས་གནང་བཞིན་ཡོད་པ་རེད།

ཕྱི་ཚེས་ ༢༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་ལེ་ཊིར་ཁེ་ AliTreki མཆོག་པེ་ཅིན་དུ་འཚམས་གཟིགས་སུ་འབྱོར་ཡོད་པ་དང་། ཁོང་གི་རྒྱ་ནག་གི་གཟིགས་སྐོར་དེ་གྲུབ་རྗེས་རྒྱ་གར་དང་པཱ་ཀི་སི་ཐན་དུའང་ཕེབས་རྒྱུ་ཡིན་འདུག རྒྱ་ནག་གཞུང་གིས་ཇི་ལྟར་གདན་འབོད་བྱས་པ་བཞིན་ཚོགས་གཙོ་མཆོག་གིས་པེ་ཅིན་དུ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡང་ཅེ་ཁྲི་དང་གྲོས་ཚོགས་འཐུས་མི་ཏེ་ཕིན་ཀོ་ཚུད་པའི་མཐོ་རིམ་དཔོན་རིགས་ཚོར་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། བདུན་ཕྲག་གཅིག་གི་རྗེས་སུ་ཁོང་གིས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་དང་སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་སོགས་དང་ཐུག་འཕྲད་ཀྱིས་དོན་གནད་ཁག་ཅིག་གི་ཐད་བཀའ་བསྡུར་གནང་རྒྱུ་ཡིན་འདུག ཕྱི་ཟླ་ ༥ པའི་ཚེས་ ༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མ་ཕེབས་གོང་ལ་ཚོགས་གཙོ་མཆོག་ཧྲང་ཧེ་གྲོང་ཁྱེར་གྱི་འཛམ་གླིང་འགྲེམས་སྟོན་ Shanghai WorldExpo 2010 སྟེང་ཞུགས་རྒྱུ་ཡིན་པ་དང་། ཚེས་ ༥ བར་རྒྱ་གར་དུ་གཟིགས་སྐོར་གནང་རྒྱུ་ཡིན་ལ། དེའི་རྗེས་པཱ་ཀི་སི་ཐན་དུ་ཉིན་གསུམ་གྱི་མཐའ་མའི་གཟིགས་སྐོར་དེ་གནང་རྒྱུ་ཡིན་འདུག ཚོགས་གཙོ་མཆོག་རྒྱ་ནག་ཏུ་མ་ཕེབས་སྔོན་ལ་ཁོང་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྒྱལ་ཚོགས་དྲུང་ཆེ་བྷོན་ཁེ་མོན་དང་།  སི་རི་ཡ། རྒྱ་གར། ཊུ་ནེ་ཤི་ཡ། སི་པན་སོགས་ཀྱིས་གཏན་འཇགས་སྐུ་ཚབ་དང་ལྷན་དུ་ཚོགས་འདུ་ཞིག་སྐོང་འཚོགས་བྱས་ཡོད་འདུག བདུན་ཕྲག་སྔོན་མར་ཉི་ཧོང་གི་བདེ་འཇགས་ཚན་པའི་ཚོགས་གཙོ་ Yukio Takasu ཡོ་ཁོ་ཊ་ཀ་སུ་མཆོག་དང་ལྷན་དུ་རྒྱལ་ཚོགས་ཀྱི་གལ་ཆེའི་སྒྲིག་གཞིའི་དོན་གནད་ཁག་ཅིག་གི་ཐད་གྲོས་བསྡུས་བྱས་ཡོད་ལ། སྐབས་དེར་ཁོང་གཉིས་ཀྱིས་ལྷོ་ཤར་ཨེ་ཤ་ཡ་དང་། རྩོད་རྙོག་འདུམ་སྒྲིག་བྱ་ཕྱོགས། དེ་བཞིན་བདེ་འཇགས་ཚན་པའི་ལས་དོན་བྱ་ཕྱོགས། བུད་མེད་དང་ཞི་བདེ། བདེ་འཇགས་སོགས་ཀྱི་སྐོར་གྲོས་བསྡུར་ལྷུག་པོར་གནང་ཡོད་ལ། དེ་མིན་ཁོང་ཚོས་ཨ་ཧྥི་རི་ཁའི་འཛུགས་སྐྲུན་ཡར་རྒྱས་སྐོར། ཟླ་འདིའི་ནང་རྒྱལ་ཚོགས་ཀྱིས་ཞི་བདེའི་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་དེར་ཡང་བསམ་ཚུལ་བརྗེ་རེས་བྱས་ཡོད་འདུག ཚོགས་གཙོས་ནམ་རྒྱུན་དུ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པའི་དབུ་ཁྲིད་དང་ཐུག་འཕྲད་ཀྱིས་གྲོས་གཞི་སོགས་ལ་མཐུན་འགྱུར་གནང་བཞིན་པར་མ་ཟད། མཉམ་ལས་བྱ་བར་ཡང་འགན་ལེན་སོགས་བྱེད་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ཚོགས་གཙོའི་སྐོར་བསྐྱོད།

  1. སྨྲ་ཤེས་དོན་གོ།

    རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག། འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་སྒུ་གྲོང་སྡེ་དང། རོང་པོ་ སྐར་མདའ་ འབྲོག་མདའ་ ཁྲི་འདུ་ ནང་ཆེན་བཅས། ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན། དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག། ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས། དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད། ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག། ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད། སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན། ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན། གྲོ་འབྲས་རྒྱ་མ་༡༢༠༠༠ ཅ༹མ་པ་རྒྱ་མ་༡༥༠༠ མར་རྒྱ་མ་༡༠༠༠ ཐུག་པ་ཤོག་སྒམ་༡༠༠༠ ཉལ་ཆས་༣༠༠༠ གྱོན་ཆས་༢༥༠༠ རས་གུར་༡༠༠ དེ་མིན་ཟས་རིགས་འདྲ་མིནདང་ ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠ གནང་ཡོད། བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག། དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད། ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར། གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན། སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན། རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད། ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

  2. ཧོར་བུ་ཡེ་ཤེས

    བོད་གཞུང་གཙོ་བྱེད་པའི་གཞོན་ནུ་དང་བེུད་ཚོགས་པ་མ་ཟད།བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་ཚོགས་གཙོ་མཆོག་བོད་ལ་ལྟ་བསྐོར་ཞིག་ཕེབས་པའི་རེ་བསྐུལ་ཞུ་དགོས་རེད།

  3. ཆུ་ཤུར་མིག་དམར་

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་རྒྱ་གར་དུ་ཡོང་ཞོར་བཙན་བྱོལ་བོད་གཞུང་དང་བོད་མིར་ལྟ་ཙམ་བྱས་ན་ཡག་པོ་རེད།
    ཨོ་་མ་གཞི་རྒྱལ་ཚོགས་ཀྱི་ཚོགས་གཙོས་བོད་མི་འགྲོ་བ་མིར་བརྩིས་ཀྱི་ཨེ་ཡོད