མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས།

 

མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་རྩོམ་རིག་གི་ཚད་གཞི་མཚོན་བྱེད་དུ། སྙན་དངགས་དང། བརྩམས་སྒྲུང། ལྷུག་རྩོམ། དཔྱད་བརྗོད་བཅས་ཀྱི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་བཞི་འདོན་སྤེལ་བྱེད་རྒྱུ་ཡིན་ན། ད་སྔ་དུས་དེབ་གྲགས་གྲས་སོགས་སུ་རྩོམ་ཡིག་གང་མང་སྤེལ་མྱོང་བའི་རྩོམ་པ་པོ་རྒན་དར་གཞོན་གསུམ་རྣམ་པས་རང་རང་གི་བརྩམས་ཆོས་གང་དག་ལས་ལེགས་ཤོས་གསུམ་ལས་མ་མང་བ་རེ་ལྷན་དུ་ངོ་སྤྲོད་མདོར་བསྡུས་རེ་དང་འདྲ་པར་རེ་བཅས་འདི་ལོའི་སྤྱི་ཟླ་བརྒྱད་པ་བར་ལ་གཤམ་གསལ་གློག་འཕྲིན་ཁ་བྱང་གཉི་གའི་ཐོག་གཏོང་གནང་ཡོང་བ་ཞུ།

འདས་གྲོངས་སུ་ཕྱིན་པ་དང་ད་ལྟ་བོད་ནང་དུ་ཕྱིར་ལོག་ཟིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་འདི་ག་མཐུན་ཚོགས་རང་ནས་འདེམས་རྒྱུ་ཡིན།

དེབ་བཞི་ཕྱོགས་བསྒྲིགས་ཟིན་རྗེས་སླར་ཡང་རྩོམ་ལུས་མི་འདྲ་བ་སོ་སོ་ལས་ཨང་དང་པོ་ནས་གསུམ་པའི་བར་གྱི་ལེགས་རྩོམ་འགྲན་སྡུར་གྱི་གཟེངས་རྟགས་ཤིག་ཀྱང་འབུད་ཐུབ་ན་སྙམ། གཟེངས་རྟགས་རྩོམ་ཡིག་འདེམས་མཁན་ནི་ལེགས་རྩོམ་ཕྱོགས་བསྒྲིགས་ནང་ལ་ཚུད་པའི་རྩོམ་པ་པོ་རྣམ་པ་བྱས་ན་ལེགས་སྙམ་མོད། དགོངས་ཚུལ་གཞན་ཡང་ཡོད་ན་གསུང་བར་རིགས།

འདས་གྲོངས་སུ་ཕྱིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་ལེགས་རྩོམ་འགྲན་སྡུར་གྲས་སུ་འཇོག་འོས་མིན་ཡང་རྩོམ་པ་པོ་རྣམ་པའི་དགོངས་འཆར་ལ་ཉན་རྒྱུ།

སོ་སོས་རྩོམ་ཡིག་དུས་ལྟར་མ་བསྐུར་ན་ང་ཚོར་འགན་མེད། བསྐུར་བྱུང་བ་རྣམས་ལས་ཀྱང་རྩོམ་ཡིག་ཚད་གཞི་མ་ལོངས་པའི་རིགས་ཕྱིར་འཐེན་བྱ་རྒྱུའི་དབང་ཚད་འདི་ག་མཐུན་ཚོགས་ཀྱི་རྩོམ་སྒྲིག་ཚོགས་ཆུང་ལ་ཡོད་པ་བཅས།
tibpen@yahoo.com         chapbrag@gmail.com
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༠།༥།༢།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

16 thoughts on “མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས།

  1. འདྲེ་རིག་ལྡན།

    རྙོག་དྲ་མེད་པ་ཞིག་དགོས་ན་་་་་་ལས་དོན་གང་ཡང་བསྒྲུབ་མི་རུང་། ཁ་རོག་གེར་་ ཁུ་སིམ་མེར་བསྡད་ན་རྙོག་དྲ་གང་ཡང་མེད། དེ་མིན། ལས་དོན་ཆེན་པོ་ཆེ་བསྒྲུབ་པར་རྩོམ་ཚེ། བོད་མི་རེ་ཟུང་གི་ཁོག་པར་ཟུག་ལངས། མིག་ལ་གཟེར་རྒྱག་ནས་གང་ས་གང་ནས་འུར་ལངས་སེ་བུད་འགྲོ།
    ཨོ་རེད། གལ་སྲིད་མི་དེ་དག་གི་རྩོམ་ཆག་དེ་ཚོ་ཡང་ལེགས་འདེམས་ཡིན་ཁུལ་གྱིས་པར་བསྐྲུན་ཞུས་དང་ན་ཡང་རྙོག་དྲ་མེད་འགྲོ་བའི་ཐབས་ཤིག་ཡོད་པ་རེད། གང་ལྟར། དེའི་རིགས་ཀྱིས་རྩོམ་ཡང་བྲི་མི་ཤེས་པས་ད་ཅི་བྱེད། རྗེས་ལུས་ནང་གི་ཡང་ལུས། དུད་འགྲོ་ནང་གི་བེད་མེད་དེ་ཚོ་་་་་ད་ངོ་མ་ ཧ ཧ ཧ ཧ ཧ ད་ལྟད་མོ་བལྟ་རྒྱུ་ཡོད་རྒྱུ་རེད། དཀར་རོ་དགེ་ཕྱོགས་གན་་་་་

  2. སློབ་དཔོན།

    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་གཞི་ཡག་པོ་འདུག བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་གི་བྱུང་འཕེལ་རྟོགས་བྱེད་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ངེས་པར་དུ་གནང་དགོས་པ་ཞིག་རེད། དེས་ན་དེ་ཡང་ཉ་ཉོག་མང་བོ་མ་བསྲེས་ཚད་གཞི་ཞིག་གི་ཐོག་ནས་འདེམས་སྒྲིག་བྱ་ཐུབ་ཞིག་གནང་གལ་ཆེ། བཅད་ལྷུག་སྤེལ་མའི་རིགས་གང་ཡིན་ན་ནམ་རྒྱུན་རྩོམ་པ་པོ་སོ་སོས་ཤུགས་རྒྱག་སའི་ཕྱོགས་དེ་འདེམས་ཐུབ་ན་ཡག་པོ་མེད་འགྲོ་དྲན་གྱིན་འདུག དཔེར་ན་རྩོམ་པ་པོ་ཞིག་ཡིན་ན་རྩོམ་སྣ་ཚོགས་འབྲི་གིན་ཡོད་ནའང་ཁོང་གིས་ནམ་རྒྱུན་ཤུགས་རྒྱག་ས་དེ་བརྩམས་སྒྲུང་ཡིན་ན་གཙོ་བོ་བརྩམས་སྒྲུང་གི་ཕྱོགས་འདེམས་རྒྱུ་གལ་ཆེ། དེ་ནས་དཔྱད་རྩོམ་དང་བརྩམས་སྒྲུང་། སྙན་ངག ལྷུག་རྩོམ་སོགས་སྡེ་ཚན་གང་ཡིན་ན་རྩོམ་པོ་གཅིག་ལ་ས་མིག་གཅིག་མ་གཏོགས་མེད་ན་ལེགས། དེས་འདེམས་སྒྲིག་དང་རྩོམ་ཡིག་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་པ་རེད།

    རྩོམ་ཡིག་འདེམས་སྒྲིག་གནང་མཁན་ལ་མཁས་པ་གདན་འདྲེན་ཞུ་ཐུབ་ན་བཟང་།
    དཔེར་ན།
    སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། ཤེས་རབ་དར་རྒྱས། ཀླུ་སྨྱོན་ཧེ་རུ་ཀ ཨ་འཇམ་དབྱངས་ཚུལ་ཁྲིམས། ཆབ་བྲག་ལྷ་མོ་སྐྱབས། གཟུངས་ཕྱུག་སྐྱིད།
    ལྷ་ཆབ་སྦྱིན་པ།

    འདི་དག་གི་དགའ་ཞིག་མི་འདུག སྤྱིར་ཆབ་སྲིད་ཀྱི་རྩོམ་ཡིག་འབྲི་མཁན་མང་ནི་རེད། དེ་དག་གིས་གསར་འགྱུར་ལྟ་བུའི་རྩོམ་ཡིག་སྤེལ་རྒྱུ་མ་གཏོགས་སྒྱུ་རྩལ་རིག་ལ་བལྟ་རྒྱུ་ཁག་པོ་རེད།

  3. སློབ་དཔོན།

    བོད་ཀྱི་རྩོམ་པའི་མཐུན་ཚོགས་ཀྱི་ལས་གཞི་ཡག་པོ་འདུག བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་གི་བྱུང་འཕེལ་རྟོགས་བྱེད་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ངེས་པར་དུ་དགོས་པ་ཞིག་རེད། དེས་ན་དེ་ཡང་ཉ་ཉོག་མང་བོ་མ་བསྲེས་ཚད་གཞི་གི་ཐོག་ནས་འདེམས་སྒྲིག་བྱ་ཐུབ་ཞིག་གནང་གལ་ཆེ། བཅད་ལྷུག་སྤེལ་མའི་རིགས་གང་ཡིན་ན་ནམ་རྒྱུན་རྩོམ་པ་པོ་སོ་སོས་ཤུགས་རྒྱག་སའི་ཕྱོགས་དེ་འདེམས་ཐུབ་ན་ཡག་པོ་མེད་འགྲོ་དྲན་གྱིན་འདུག དཔེར་ན་རྩོམ་པ་པོ་ཞིག་ཡིན་ན་རྩོམ་སྣ་ཚོགས་འབྲི་གིན་ཡོད་ནའང་ཁོང་ནམ་རྒྱུན་ཤུགས་རྒྱག་ས་དེ་བརྩམས་སྒྲུང་ཡིན་ན་གཙོ་བོ་བརྩམས་སྒྲུང་གི་ཕྱོགས་འདེམས་རྒྱུ་གལ་ཆེ། དེ་ནས་དཔྱད་རྩོམ་དང་བརྩམས་སྒྲུང་། སྙན་ངག ལྷུག་རྩོམ་སོགས་སྡེ་ཚན་གང་ཡིན་ན་རྩོམ་པོ་གཅིག་ལ་ས་མིག་གཅིག་མ་གཏོགས་མེད་ལེགས། དེས་འདེམས་སྒྲིག་རྩོམ་ཡིག་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་པ་རེད།

    རྩོམ་ཡིག་འདེམས་སྒྲིག་གནང་མཁན་ལ་མཁས་པ་གདན་འདྲེན་ཞུ་ཐུབ་ན་བཟང་།
    དཔེར་ན།
    སྤྲེལ་ནག་བློ་གྲོས་དཔལ་བཟང་། ཤེས་རབ་དར་རྒྱས། ཀླུ་སྨྱོན་ཧེ་རུ་ཀ ཨ་འཇམ་དབྱངས་ཚུལ་ཁྲིམས། ཆབ་བྲག་ལྷ་མོ་སྐྱབས། གཟུངས་ཕྱུག་སྐྱིད།
    ལྷ་ཆབ་སྦྱིན་པ།

    འདི་དག་གི་དགའ་ཞིག་མི་འདུག སྤྱིར་ཆབ་སྲིད་ཀྱི་རྩོམ་ཡིག་འབྲི་མཁན་མང་ནི་རེད། དེ་དག་གིས་གསར་འགྱུར་ལྟ་བུའི་རྩོམ་ཡིག་སྤེལ་རྒྱུ་མ་གཏོགས་སྒྱུ་རྩལ་རིག་ལ་བལྟ་རྒྱུ་ཁག་པོ་རེད།

  4. ཀརྨ་རྡོ་རྗེ།

    ལས་འགུལ་འདི་ལེགས་རྩོམ་སྤེལ་ཐབས་རེད། ཡག་པོ་འདུག དེབ་བཞི་ལས་ལྷག་ཡོང་བའི་རེ་སྨོན་ཞུ།