མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས།

 

མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་རྩོམ་རིག་གི་ཚད་གཞི་མཚོན་བྱེད་དུ། སྙན་དངགས་དང། བརྩམས་སྒྲུང། ལྷུག་རྩོམ། དཔྱད་བརྗོད་བཅས་ཀྱི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་བཞི་འདོན་སྤེལ་བྱེད་རྒྱུ་ཡིན་ན། ད་སྔ་དུས་དེབ་གྲགས་གྲས་སོགས་སུ་རྩོམ་ཡིག་གང་མང་སྤེལ་མྱོང་བའི་རྩོམ་པ་པོ་རྒན་དར་གཞོན་གསུམ་རྣམ་པས་རང་རང་གི་བརྩམས་ཆོས་གང་དག་ལས་ལེགས་ཤོས་གསུམ་ལས་མ་མང་བ་རེ་ལྷན་དུ་ངོ་སྤྲོད་མདོར་བསྡུས་རེ་དང་འདྲ་པར་རེ་བཅས་འདི་ལོའི་སྤྱི་ཟླ་བརྒྱད་པ་བར་ལ་གཤམ་གསལ་གློག་འཕྲིན་ཁ་བྱང་གཉི་གའི་ཐོག་གཏོང་གནང་ཡོང་བ་ཞུ།

འདས་གྲོངས་སུ་ཕྱིན་པ་དང་ད་ལྟ་བོད་ནང་དུ་ཕྱིར་ལོག་ཟིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་འདི་ག་མཐུན་ཚོགས་རང་ནས་འདེམས་རྒྱུ་ཡིན།

དེབ་བཞི་ཕྱོགས་བསྒྲིགས་ཟིན་རྗེས་སླར་ཡང་རྩོམ་ལུས་མི་འདྲ་བ་སོ་སོ་ལས་ཨང་དང་པོ་ནས་གསུམ་པའི་བར་གྱི་ལེགས་རྩོམ་འགྲན་སྡུར་གྱི་གཟེངས་རྟགས་ཤིག་ཀྱང་འབུད་ཐུབ་ན་སྙམ། གཟེངས་རྟགས་རྩོམ་ཡིག་འདེམས་མཁན་ནི་ལེགས་རྩོམ་ཕྱོགས་བསྒྲིགས་ནང་ལ་ཚུད་པའི་རྩོམ་པ་པོ་རྣམ་པ་བྱས་ན་ལེགས་སྙམ་མོད། དགོངས་ཚུལ་གཞན་ཡང་ཡོད་ན་གསུང་བར་རིགས།

འདས་གྲོངས་སུ་ཕྱིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་ལེགས་རྩོམ་འགྲན་སྡུར་གྲས་སུ་འཇོག་འོས་མིན་ཡང་རྩོམ་པ་པོ་རྣམ་པའི་དགོངས་འཆར་ལ་ཉན་རྒྱུ།

སོ་སོས་རྩོམ་ཡིག་དུས་ལྟར་མ་བསྐུར་ན་ང་ཚོར་འགན་མེད། བསྐུར་བྱུང་བ་རྣམས་ལས་ཀྱང་རྩོམ་ཡིག་ཚད་གཞི་མ་ལོངས་པའི་རིགས་ཕྱིར་འཐེན་བྱ་རྒྱུའི་དབང་ཚད་འདི་ག་མཐུན་ཚོགས་ཀྱི་རྩོམ་སྒྲིག་ཚོགས་ཆུང་ལ་ཡོད་པ་བཅས།
[email protected]         [email protected]
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༠།༥།༢།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

16 thoughts on “མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས།

  1. རྩོམ་རིག་སྡེ་ཚན་སོ་སོ་ལ་ཞིབ་དཔྱོད་པ་ཉུང་མཐར་གསུམ་རེ་དགོས། སྙན་ངག་ལ་མཁས་པའི་རྩོམ་པ་པོ་དེ་ཚོས་སྙན་ངག་གི་རྩོམ་ལ་ཞིབ་དཔྱོད་བྱས། སྒྲུང་རྩོམ་ལ་མཁས་པའི་རྩོམ་པ་པོ་དེ་ཚོས་དེ་བཞིན་བྱས། གལ་ཆེ་ཤོས་དེ་དཔྱད་རྩོམ་ཞིབ་འཇུག་པ་དེ་ཚོ་ལྟ་གྲུབ་འདྲ་མིན་གྱི་ཕྱོགས་སུ་ལྷུང་བ་མིན་པར་དཔྱད་རྩོམ་གྱི་རྩོམ་ལུས་ཧྲིལ་པོའི་བརྗིད་ཚད་ལ་ལྟ་ཤེས་མཁན་དེ་འདྲ་ཡོད་དགོས་རྒྱུ་ཧ་ཅང་གལ་ཆེ་བ་ཡིན་ལ། རང་དབང་གི་དཔྱད་བརྗོད་སྤྱི་ཚོགས་ཐོག་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རང་དབང་གི་སྒོ་ནས་མངོན་པར་བྱེད་ཐུབ་པ་དགོས་པའི་རྩ་དོན་ཞིག་ཆགས་ཡོད། དེ་མིན་ཚིགས་བཅད་རེ་ཟུང་དང་། རང་མོས་རེ་ཟུང་བསྒྲིགས་པའི་དེབ་ཞིག་བཏོན་ན་ཕན་པ་ག་ཚོད་ཡོད་མིན་ནི་དྲི་བ་ཞིག་རེད།

  2. ཡག་པོ་འདུག་་་བཀའ་དྲིན་ཆེ་།རེ་བ་བྱས་ནས་བསྡད་ཡོད།
    རྩོམ་ཡིག་འདེམས་སྟངས་དེ་སྦྲང་ཆར་རྩོམ་རིག་བྱ་དགའ་འདེམས་སྟངས་ལྟར་གློག་པ་པོ་ཡོངས་ལ་འདེམས་ཤོག་འགོང་སའི་འགོང་ཤོག་གམ་ཡང་ན་དྲ་གནས་ངོས་སུ་འདེམས་ཐུབ་པའི་ཆ་རྐྱེན་བྱུང་ན་ཅུང་རྣམ་པ་གསར་བ་དང་སྤུས་དག་པ་ཞིག་ཡོང་གི་སྙམ།

    རྩོམ་པ་པོ་རྒན་རབས་དང་ཤེས་ཡོན་པ་ཁ་ཤས་ལ་འདེམས་སུ་འཇུག་པའི་ལུགས་སྲོལ་དེ་ནི་རྩོམ་པ་པོ་རྙིང་པ་དག་གི་ལྟ་བ་དང་འདོད་ཚུལ་ཀྱི་ཕྱོགས་སུ་ལྷུང་བའི་ཉེན་ཁ་ཤིན་ཏུ་ཆེ་བས།ཐེངས་འདིར་ན་གཞོན་རྩོམ་པ་པོ་ཚོར་གོ་སྐབས་དང་འདུ་ཤེས་དང་ལྟ་བ་གསར་བའི་དཔུང་ཤུགས་ཅང་ཆེ་རུ་ཕྱེ་ཐུབ་པའི་རེ་བ་ཧ་ཅང་ཆེ།

    ད་ནི་མཐུན་ཚོགས་འདིས་སྣེ་ཁྲིད་དེ་སྐྱུགས་ལྡད་རྩོམ་རིགས་ཀྱི་གཤིས་ཀ་ཡོངས་སུ་བསྒྱུར་ཏེ་གསོན་ཤུགས་ཀྱིས་བཏེགས་པའི་རྩོམ་རིགས་གང་མང་སྤྱི་ཚོགས་སུ་བསྟར་ཐུབ་པའི་སྨོན་འདུན་རིང་པོ་བྱེད་ཀྱིན་ཡོད།

  3. དེ་ནི་ངེས་པར་དགོས་ངེས་ཤིག་རེད། ཐུགས་རྗེ་ཆེ་ཞུ། རྩོམ་ཡིག་འདེམས་སྟངས་དེ་འགྲིག་གི་མི་འདུག་སྙམ་གྱི་ཡོད། གང་ཡིན་ཟེར་ན། དེ་ནི་རྩོམ་པ་པོ་ཚད་ལྡན་ལྔ་ནས་བདུན་བར་གྱི་འདེམས་སྒྲུག་ཚོགས་ཆུང་ཞིག་བཙུགས་ཏེ། དེས་འཚོལ་ཞིབ་དང་འདེམས་སྒྲུག་བྱས་པ་ཡིན་ན། ད་གཟོད་རྩོམ་ཡིག་ལེགས་ཤོས་ཟེར་ན་འདྲ། ཚད་གཞི་མཐོ་ཤོས་ཀྱི་རྩོམ་ཡིག་དེ་ཚོ་ལེགས་འདེམས་ཐུབ་ཀྱི་རེད།
    ད་ལྟ་ནས་གསལ་པོ་ཆགས་དགོས་པ་གཞན་ནི། ལེགས་འདེམས་རྩོམ་སྒྲིག་ཚོགས་ཆུང་དེ་རྩོམ་པ་པོ་ཚད་ལྡན་ཤ་སྟག་གིས་གྲུབ་པ་ཞིག་རེད་དམ། ཡང་ན། མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་རེད། རྒན་ལགས་ནས་དེའི་སྐོར་གསལ་བཤད་ཅིག་གནང་ན་ལེགས།

  4. སྤང་མདའ་སྟོབས་རྒྱས།

    ཡག་པོ་རེད་བོད་མི་རིགས་ཀྱི་རིགས་གཞུང་ལ་དོ་སྣང་ཡོང་སླད་དེ་ལྟར་བྱས་འགྲིག་འདུག