བུད་མེད་ཀྱི་ས་མིག

ནོར་གླིང་ཚོང་ཁང་དུ་བུད་མེད་འགན་འཛིན་ས་མིག་གི་གསལ་བསྒྲགས་ཤིག་འདུག

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བོད་ཀྱི་རིག་དངོས་སྒྱུ་རྩལ་ཐོན་སྐྱེད་ཚོང་ཁང་འགན་འཛིན་གྱི་ས་མིག་སྟོང་པ་ཞིག་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་འཛུལ་ཞུགས་བྱ་འདོད་ཡོད་རིགས་ནས་དོ་བདག་གི་ལོ་རྒྱུས་མདོར་བསྡུས་ཤིག་མཉམ་འཚང་སྙན་འབུལ་དགོས།
༡༽འཛིན་རིམ་བཅོ་ལྔ་ཐོན་པའི་ལག་འཁྱེར་ཡོད་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ཡོད་དགོས།
༢༽རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་དང་འབུལ་འབབ་གཙང་འབུལ་ཟིན་པའི་ངོ་བཤུས།
༣༽བོད་པའི་སྤྱི་ཚོགས་ལ་ཞབས་ཞུའི་ལྷག་བསམ་དང་ཆོད་སེམས་བརྟན་པོ་ཡོད་དགོས།
༤༽དེང་གི་ཚོང་འགྲོས་དང་བསྟུན་པའི་འབྲེལ་འཛུགས་དང་བཀའ་མོལ་གནང་སྟངས་མཁས་པོ་ཡོད་དགོས།
༥༽ད་ལྟ་གཞུང་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོ་སྦྱོར་དགོས།
༦༽གསོལ་ཕོགས་༡༠༠༠༠ ནས་༢༠༠༠༠ བར་ཡིན་ལ་བོད་དབྱིན་ཧིན་གསུམ་གྱི་སྐད་ལ་བྱང་ཆ་ཡོད་དགོས།
༧༽རང་ལོ་༣༠ མ་བརྒལ་བའི་བུད་མེད་ཅིག་ངེས་པར་ཡིན་དགོས།
འབྲེལ་བ་གནང་ཡུལ་ཁ་བྱང་གཤམ་གསལ།
Dolkar kyap
Academy of Tibetan Culture Norbulingka Institute
P.O SIdhpur-176057 H.P India   
Tel:+91+1892 246402/246405
Fax:+91+(0)1892246404
mobile:9816013366
[email protected]

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

6 thoughts on “བུད་མེད་ཀྱི་ས་མིག

  1. སྟོང་བཙན་མགར་བུ།

    རང་ལོ་༣༠ ཡན་བརྒལ་ན་མཛེས་མ་མི་འདུག་བསམ་གྱིན་ཡོད་པ་རེད། ད་དུང་ཕ་ཡུལ་ཨ་མདོ་རྨ་ཆུ་ཡིན་ན་རབ་ཡིན་པ་རེད།

  2. གངང་ཅན་པ་ཡིན་ཕྱིར།

    ནོར་གླིང་ངེས་སྟོན་པར་ལ་ཞུ་རོགས། ལས་གཞི་ཚང་མ་ལ་རྒྱབ་སྐྱོར་ཡོད། ཡིན་ན་ཡང་ཁྱེད་མ་ཤི་སྔོན་ལ་ནོར་གླིང་དེ་བོད་གཞུང་ལ་རྩིས་སྤྲོད་རོགས་ཞུ། དེ་ནི་ཁྱོད་ཀྱི་མིན་ལ་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཀྱང་མིན། བོད་སྤྱི་པའི་ཡིན། གཞུང་ཞབས་ཚོ་ཡི་ཡང་མི་ཤེས་མདོག་བསྡད། མི་དམངས་གི་ཀྱང་སྐལ་བཟང་ཡེ་ཤེས་གི་ཡིན་ཤག་བྱས། དེ་ཚོ་གོང་བཞུགས་ལས་བྱེད་ཆེ་ཆུང་ཚང་མ་ཁ་ཕྱོགས་ཕྱོགས་གཅིག་ལ་ཡོ་བ་གསལ་པོ་ཡིན། ལྷག་བསམ་གི་བསམ་འཆར་ཡིན། བོད་སྤྱི་པའི་དོན་ཡིན། བོད་མི་མི་རེ་ངོ་རེ་ལས་འགན་ཡིན།