དམག་དོན་འགྲོ་སོང་ཆེ་ཤོས།

ཉེ་ཆར་སི་ཝེ་ཌན་སུ་ཊོ་ཁུ་ཧོལ་ཞི་བདེ་ཞིབ་འཇུག་ལྟེ་གནས་ཞེས་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ༢༠༠༩ ལོའི་འཛམ་གླིང་རྒྱལ་ཁབ་ཁག་གི་དམག་དོན་འགྲོ་སོང་དེ་འདས་པའི་ལོ་རྒྱུས་ནང་ཚད་མཐོ་ཤོས་སུ་སླེབས་ཡོད་འདུག་ལ། རྒྱ་ནག་ནི་མུ་མཐུད་དམག་དོན་འགྲོ་སོང་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཡོད་འདུག    ༢༠༠༩ ལོར་གོ་ལ་ཧྲིལ་པོར་དཔལ་འབྱོར་གྱི་དཀའ་ངལ་ཞིག་འཕྲད་ཡོད་ཀྱང་། རྒྱལ་ཁབ་ཁག་གི་དམག་དོན་འགྲོ་སོང་དེ་ ༢༠༠༨ ལོ་དང་ཞིབ་བསྡུར་བྱས་པ་ཡིན་ནབརྒྱ་ཆ་ ༥༌༩ ཙམ་གྱི་མཐོ་རུ་ཕྱིན་ཡོད། ཨ་རི་དེ་སྔོན་མ་བཞིན་འཛམ་གླིང་ཐོག་དམག་དོན་འགྲོ་སོང་ཆེ་ཤོས་སུ་གྱུར་ཡོད་ལ།  ན་ནིང་ལོའི་དམག་དོན་འགྲོ་སོང་ཨ་སྒོར་དུང་ཕྱུར་ ༦༦༡༠ ལ་སླེབས་ཏེ། འཛམ་གླིང་སྤྱིའི་དམག་དོན་འགྲོ་སོང་གི་བརྒྱ་ཆ་ ༤༣ ཙམ་ཟིན་གྱི་ཡོད། ༢༠༠༩ ལོའི་ཨ་རིའི་དམག་དོན་འགྲོ་སོང་དེ་ལོ་སྔོན་མ་ལས་ཨ་སྒོར་དུང་ཕྱུར་ ༤༧༠ ཙམ་གྱི་ཁ་སྣོན་བྱས་ཡོད་ལ། དེས་འཛམ་གླིང་སྤྱིའི་བརྒྱ་ཆ་ ༥༤ ཙམ་ཟིན་གྱི་ཡོད། རྒྱ་ནག་ནི་འཛམ་གླིང་ཐོག་དམག་དོན་འགྲོ་སོང་ཆེ་ཤོས་ཨང་གཉིས་པར་སླེབས་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། པེ་ཅིན་ཕྱོགས་ནས་དམག་དོན་འགྲོ་སོང་གི་རྩིས་ཁྲ་ཁ་གསལ་ཞིག་རག་ཐུབ་ཀྱི་མི་འདུག་ཅེས་སྙན་ཐོ་དེའི་ནང་བཀོད་འདུག དེ་ལྟ་ནའང་། ཁོང་ཚོས་རོབ་རྩིས་བརྒྱབ་པ་ལྟར་ན། རྒྱ་ནག་གི་ལོ་སྔོན་མའི་དམག་དོན་འགྲོ་སོང་དེ་ཨ་སྒོར་དུང་ཕྱུར་ ༡༠༠༠ ལ་སླེབས་ཡོད་འདུག་ལ། ཧྥ་རན་སི་ཡང་དམག་དོན་འགྲོ་སོང་ཆེ་ཤོས་ཨང་གསུམ་པའི་གྲས་སུ་སླེབས་ཡོད་པར་མ་ཟད། ཡུལ་དེའི་ན་ནིང་ལོའི་དམག་དོན་འགྲོ་སོང་ཨ་སྒོར་དུང་ཕྱུར་ ༦༣༩ ཙམ་ཡིན་འདུག  ༢༠༠༩ ལོར་འཛམ་གླིང་ཧྲིལ་པོར་དམག་དོན་འགྲོ་སོང་ཇེ་ཆེར་སོང་བའི་རྒྱུ་མཚན་ནི། ཞི་བདེའི་ལས་དོན་དང་ཨབ་གྷན་གྱི་བདེ་འཇགས་གནས་སྟངས་ཆེད་ཡིན་པ་རེད་ཅེས་སྙན་ཐོ་དེའི་ནང་བསྟན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “དམག་དོན་འགྲོ་སོང་ཆེ་ཤོས།

  1. འདི་དག་ཚད་རིག་པའི་བྱས་རྗེས་རེད། ད་དུང་རaེཇས་མ་མུ་མཐུད་ནས་ཡོང་གི་རེད་ལྟད་མོ་ལྟ་མཆོག ཤི་བོ་ཚོ་སྙིང་རྗེ་དྲ་གྲོགས་ཚོས་མ་ནི་གང་མང་གསུང་རོགས་ཞུ།

  2. དམག་དོན་གྱི་ཆེད་དུ་འགྲོ་མགྲོན་ཇི་ཙམ་མང་དེ་ཙམ་གྱི་མི་མང་དབུལ་ཞིང་འཕོང་བ་ནི་དེ་ཙམ་གྱི་མང་དུ་འགྲོ་བ་ཆོས་ཉིད་རེད།