འཛམ་གླིང་རྐང་སྤོལ་གསེར་བུམ་འགྲན་རྩོད།

 

༢༠༡༠ ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ནི་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༣༠ སྟེང་ལྷོ་ཨ་ཧྥུ་རི་ཁའི་རྒྱལ་ས་ཇོ་ཧན་ནིས་སི་བྷག Johannesburg  དུ་འགྲན་མགོ་ཚུགས་རྒྱུ་དང་། ཐོག་མའི་འགྲན་རྩེད་རུ་ཁག་གཉིས་ནི་ལྷོ་ཨ་ཧྥི་རི་ཁ་དང་མེག་སེ་ཁའོ་གཉིས་རེད། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དགུང་ལོ་ ༩༡ལ་ཕེབས་པའི་ལྷོ་ཨ་ཧྥི་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་ཕེབས་འཆར་ཡིན་ཡང་། ཁོང་གི་ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན་སྟབས་ཁོང་ཕེབས་ཐུབ་ཡོད་མི་འདུག

ལྷོ་ཨ་ཧྥི་རི་ཁའི་ཞི་བདེའི་དེད་དཔོན་ནེལ་སོན་མན་ཌ་ལ་ཐེབས་རྩ་ཁང་གིས་ནེལ་སོན་མན་ཌ་ལ་ཁོང་ཉིད་མཛད་སྒོར་ཕེབས་ཐུབ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཀྱང་། མཛད་སྒོ་དེ་ནི་མུ་མཐུད་ནས་ཨ་ཧྥི་རི་ཁའི་གཟི་བརྗིད་ཅིག་ཏུ་བརྩིས་ཏེ་དགའ་སྤོབས་ཀྱི་ངང་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད།

ད་ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་བཅུ་དགུ་པ་འདི་ནི་ལྷོ་ཨ་ཧྥུ་རི་ཁར་འཚོགས་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐོག་མ་དེ་ཆགས་ཡོད། རྐང་སྦོལ་རྩེད་འགྲན་འདིར་འཛམ་གླིང་གླིང་ཆེན་ལྔའི་རྒྱལ་ཁབ་༣༢ ཀྱི་རྐང་སྤོལ་རྩེད་འགྲན་རུ་ཁག་མཉམ་ཞུགས་དང་། ལྷོ་ཨ་ཧྥུ་རི་ཁའི་གྲོང་ཁྱེར་དགུའི་རྩེད་འགྲན་ར་བ་བཅུའི་ནང་དུ་ཁྱོན་བསྡོམས་འགྲན་ཐེངས་ ༦༤ བརྒྱུད་འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པ་འགྲན་བརྩོད་བྱ་རྒྱུ་རེད།  དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༣༠ སྟེང་ལྷོ་ཨ་ཧྥུ་རི་ཁའི་རྒྱལ་ས་ཇོ་ཧན་ནིས་སི་བྷག་ཏུ། ཐེངས་བཅུ་དགུ་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་མགྲོན་བདག་རྒྱལ་ཁབ་ལྷོ་ཨ་ཧྥུ་རི་ཁ་(South Africa) དང་མེག་སི་ཁོ ( Mexico) གཉིས་བར་ཐེངས་འདིའི་རྐང་སྤོལ་འགྲན་བསྡུར་གྱི་འགྲན་རྩོད་ཐོག་མ་དེ་བྱ་རྒྱུ་རེད། ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༥ དང་ཆུ་ཚོད་ ༧ ། མཚན་མོའི་ཆུ་ཚོད་ ༡༢ བཅས་སུ་ཉིན་རེར་འགྲན་ཐེངས་གསུམ་རེ་རྩེད་རྒྱུ་དང་།  ཐོག་མའི་འགྲན་རྩོད་རིམ་པ་དེ་འགྲན་བསྡུར་རུ་དཔུང་ ༨ དུ་ཁག་བགོས་ཏེ་འགྲན་བསྡུར་བྱས་རྗེས་རུ་དཔུང་རེ་ནས་རྩེ་གྲོས་རུ་ཁག་གཉིས་རེ་བདམས་ཐོན་དང་། དེ་རྗེས་འགྲན་བསྡུར་རུ་ཁག་གཉིས་རེ་བར་ཐད་ཀར་རྒྱལ་ཕམ་འགྲན་རྩོད་བརྒྱུད། ཕྱི་ཟླ་ ༧ པའི་ཚེས་ ༡༡ ་མཚན་མོའི་ཆུ་ཚོད་ ༡༢ སྟེང་ཆེས་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱ་རྒྱུ་རེད།

ཐེངས་འདིའི་འཛམ་གླིང་རྐང་སྤོལ་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོ་ནི་ཕྱི་དྲོའི་ཆུ་ཚོད་ ༥ :༣༠ (རྒྱ་གར་ཆུ་ཚོད) སྟེང་ལྷོ་ཨ་ཧྥཱུ་རི་ཁའི་རྒྱལ་ས་ཇོ་ཧན་ནིས་སི་བྷག ་གི་རྐང་སྤོལ་རྩེད་འགྲན་ར་བར་ཚུགས་རྒྱུ་ཡིན་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དགུང་ལོ ༩༡ ་ལ་སོན་པའི་ལྷོ་ཨ་ཧྥུ་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་མཆོག་ཕེབས་ཏེ་སྐར་མ་ ༡༥ རིང་ལ་ཚོགས་རར་བཞུགས་འཆར་ཡོད་ནའང་། ཁོང་གི་ཚ་མོ་ཞིག་རླངས་འཁོར་བརྡབ་སྐྱོན་གྱིས་རྐྱེན་ལམ་དུ་སོང་བར་བརྟེན་ཕེབས་ཐུབ་མེད་པ་རེད། ཆུ་ཚོད་ཕྱེད་ཀའི་རིང་གི་དབུ་འབྱེད་མཛད་སྒོའི་ཐོག་འཛམ་གླིང་གི་སྙན་གྲགས་ཅན་གྱི་གླུ་བ་དང་གླུ་མ། ཞབས་བྲོ་བ། འཁྲབ་སྟོན་པ། སྒྱུ་རྩལ་བ་བཅས་མི་གྲངས་༡༥༨༡ མཉམ་ཞུགས་དང་། དེ་བཞིན་རྒྱལ་ཁབ་ ༢༡༤ ནས་སླེབས་པའི་གསར་འགོད་པ་ ༥༠༠ ལྷག་གིས་དུས་གཅིག་ཏུ་འཛམ་གླིང་ཡུལ་གྲུ་སོ་སོའི་ལྟད་མོ་བ་མི་གྲངས་དུང་ཕྱུར  ༣༠ ལྷག་ལ་བརྙན་འཕྲིན་དང་། དྲ་བ། རླུང་འཕྲིནསོགས་བརྒྱུད་གནས་ཚུལ་མཁོ་གཏོང་བྱ་རྒྱུ་རེད། ཟླ་གཅིག་རིང་གི་རྐང་སྤོལ་འགྲན་རྩེད་སྐབས་དཔྱད་བརྗོད་པ་དང་བརྙན་ལེན་པ། ལག་རྩལ་བ་བཅས་ཆེད་མཁས་པ་ཆིག་ཁྲི་སུམ་སྟོང་ལྷག་གིས་བསྡོམས་པས་ཆུ་ཚོད་ ༧༣༠༠༠ གི་དུས་ཡུན་རིང་ ཕྱག་ལས་གནང་སྟེ་འཛམ་གླིང་ཡུལ་གྲུ་སོ་སོར་རྩེད་འགྲན་ལྟད་མོ་ཐད་གཏོང་བྱ་བཞིན་ཡོད་འདུག 

ནེལ་སོན་མན་ཌ་ལ་མཆོག་གི་ཚ་མོ་ལོ་ ༡༣ ལ་སོན་པ་ཁ་སང་དགོང་མོ་རྐང་སྤོལ་རྩེད་འགྲན་གྱི་སྔོན་འགྲོའི་གླུ་གར་གཟིགས་འབུལ་ཞིག་ལ་བཅར་ཏེ་ཕྱིར་ལོག་སྐབས་ལམ་བར་ནས་རླངས་འཁོར་གདོང་ཐུག་བརྒྱབ་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

12 thoughts on “འཛམ་གླིང་རྐང་སྤོལ་གསེར་བུམ་འགྲན་རྩོད།

  1. དཀར་ཕྱོགས་གཉེར་ཉེ།

    རྩོམ་བསྒྲིགས་པ་ལགས། དོན་མེད་རྙོག་དྲ་བཟོས་པ་དེ་འདྲ་མིན། ཁྱེད་རང་གིས་སྙན་ངག་ཡིན་པ་ལྟ་བུའི་འགྲེལ་ཞིག་བརྒྱབ་འདུག་ཀྱང༌། ང་མགོ་འཐོམ་དགོས་པའི་རྒྱུ་མཚན་ནི་གཤམ་གསལ།

    སྐུ་མགྲོན་གཙོ་བོ་དང་པོ།
    མིང༌། ནེལ་སོན་མན་ཌ་ལ།
    ལོ། ༩༡
    ལུང་པ། ལྷོ་ཨ་ཧྥི་རི་ཁ།
    ཡོང་མ་ཐུབ་པའི་དོན་རྐྱེན། ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན།

    སྐུ་མགྲོན་གཙོ་བོ་གཉིས་པ།
    མིང་། ནེལ་སན་མན་སྒྲེ་ལ།
    ལོ། ༩༢
    ལུང་པ། ལྷོ་ཨ་ཧྥུ་རི་ཁ།
    སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་སྐར་མ་ ༡༥ རིང་ལ་མ་གཏོགས་ཚོགས་རར་བཞུགས་རྒྱུ་མིན་པ་རེད།

    གཟིགས་དང་མི་གཅིག་གི་མིང་དང་ལུང་པའི་དག་ཆ་ལོ་བཅས་ནོར་འདུག་པ་མ་ཟད། ཁོང་སྐུ་མགྲོན་དུ་ཕེབས་མ་ཐུབ་པའི་རྒྱུ་མཚན་ཡང་ཧ་ཅང་མི་མཚུངས་པ་བཀོད་འདུག་ན་ངེད་ཀློག་པ་པོ་ཚོར་ཁག་ཅི་ཡོད།

  2. ནད་མེད་དྲ་འབུ།

    མཛད་སྒོའི་སྐུ་མགྲོན་གཙོ་བོར་དགུང་ལོ ༩༢ ་ལ་སོན་པའི་ལྷོ་ཨ་ཧྥུ་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སན་མན་སྒྲེ་ལ་མཆོག་ཕེབས་རྒྱུ་ཡིན་ནའང་། སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་སྐར་མ་ ༡༥ རིང་ལ་མ་གཏོགས་ཚོགས་རར་བཞུགས་རྒྱུ་མིན་པ་རེད།
    སྐུ་མགྲོན་གཙོ་བོར་དགུང་ལོ་ ༩༡ ལ་ཕེབས་པའི་ལྷོ་ཨ་ཧྥི་རི་ཁའི་ཞི་བདེ་དེད་དཔོན་ཆེན་མོ་ནེལ་སོན་མན་ཌ་ལ་ཕེབས་འཆར་ཡིན་ཡང་། ཁོང་གི་ཚ་མོ་ཞིག་ཁ་སང་དགོང་མོ་རླངས་འཁོར་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན་སྟབས་ཁོང་ཕེབས་ཐུབ་ཡོད་མི་འདུག
    རེད་ལོ་ཚད་ནོར་བ་བདེན་པ་རེད་འོནད་ཀྱང་འདི་ལ་མགོ་མི་གོ་བ་གང་འདུག་སྤྱིར་སྐར་མ་༡༥ ལས་ཚོགས་རར་ཕེབས་འཆར་མེད་ཅིང་དེའང་ཚ་མོའི་དོན་རྐྱེན་གྱིས་ཕེབས་མ་ཐུབ་རེད་ཅེས་གོ་བ་ལེན་དགོས་པ་རེད།

  3. གླག་སྨྱོན།

    མི་མང་གི་ཆེས་དགའ་གསུ་ཐོབ་པའི་ལུས་རྩལ་གྱི་འགྲན་ཚོགས་འདི་ནི་མི་རིགས་ས་ུས་ལ་ཡང་ཡོད་དགོས་པའི་བྱ་བཞག་ཞིག་ཡིན་པའི་ཆ་ནས་ལྟས་ན་ཧ་ཅང་གི་ལེགས་པོ་རེད།