མི་ ༢༠༠ བསད་པ།

                 
ཀོང་གྷོར་མེ་སྐྱོན་བྱུང་སྟེ་མི་ ༣༠༠ ཙམ་ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཚེས་ ༢ ཉིན་ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་ཏུ་སྣུམ་འདྲེན་རླངས་འཁོར་ཞིག་ཡུལ་དེའི་ཤར་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་འབྱོར་མཚམས་གློ་བུར་དུ་འབར་གས་བྱུང་ཡོད་ལ། དོན་རྐྱེན་དེའི་ཁྲོད་ཉུང་མཐར་མི་ ༢༠༠ བསད་པ་དང་མི་ ༡༠༠ ལ་ཙམ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད། ས་གནས་དཔོན་རིགས་ཤིག་གིས་བརྗོད་ན། དོན་རྐྱེན་དེའི་ཁྲོད་སྲུང་དམག་ཚོ་ཡང་མང་ཚོགས་སྐྱོབ་ཆེད་འདས་གྲོངས་སུ་སོང་ཡོད་ཚུལ་བརྗོད་འདུག  ད་ལྟ་ཉེན་རྟོག་པས་དོན་རྐྱེན་དེར་ཞིབ་འཇུག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “མི་ ༢༠༠ བསད་པ།

  1. BBCནང་དུ་མི་220 རེད་འདུག་པས་ཁྱེད་ཅག་གི་འདི་སྤེལ་དུས་200རེད་འདུག་གམ། རྗེས་ལ་གྲངས་ཀ་འཕར་བ་རེད་དམ། དེ་ཡིན་220 བཟོ་བཅོས་རྒྱག་དགོས་ཚོད་འདུག