བོད་བཙན་པོའི་ལོ་རྒྱུས།

མཁྱེན་རླབས་མཚུངས་མེད་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ།
 
 
དྭགས་བརྒྱུད་བསྟན་པའི་མངའ་བདག འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་གིས། ཐུགས་ངལ་འཛེམས་མེད་ཀྱིས་བགྲང་བྱ་དུ་མའི་རིང༌། མི་ཚོས་ལོ་ངོ་སྟོང་ཚོའི་རིང་གཏིང་བརྗེད་དུ་གྱུར་བའི་ཏུན་ཧོང་ཟ་འོག་དར་ལམ་ཐོག་ཏུ་བྱེ་མས་བཀབ་པའི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིག་རྙིང་མ་ཡིག་དག་གཞིར་བཟུང་གིས། སྤྱི་ལོའི་གོང་ལོ་དུས་རབས་ལྔ་པའི་ནང་སྤུ་རྒྱལ་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས། སྤུ་རྒྱལ་བཙན་པོ་སོ་སོའི་ལོ་རྒྱུས་དང༌། དུས་རབས་དགུ་པའི་ནང་གི་སྤུ་རྒྱལ་མཐའ་མ་འུ་དུམ་བཙན་པོའི་བར་གྱི་ལོ་རྒྱུས་དག  ཡིག་རྙིང་ལ་ཁུངས་ལྡན་གྱི་མཆན་འགྲེལ་དང༌། མ་ཡིག་ལ་གོ་བདེའི་འགྲེལ་བརྗོད་བཅས་མ་ལག་ཆ་ཚང་བ་དེང་བར་བྱུང་མྱོང་མེད་པའི་བོད་ཀྱི་ལོ་རྒྱུས་བོད་བཙན་པོའི་རྒྱལ་རབས་ཞེས་པ་ད་ལྟ་པར་སྐྲུན་བྱེད་བཞིན་པས། གཟིགས་འདོད་ཡོད་རིགས་གཤམ་གསལ་ཞལ་བྱང་ཐོག་འབྲེལ་བ་གནང་རོགས། ང་ཚོས་རིན་གོང་དང་བླུ་ཉོ་བྱེད་ཡུལ་སོགས་རིམ་པས་འབུལ་ངེས་བཅས། ལྡེ་ར་ལྡུན་སྲོང་བཙན་དཔེ་མཛོད་ཁང་ནས།
 
Songtsen Library
P.O. Kulhan Sahastradhara Road
Dehra Dun-248001, U.K. India
Phone: +91 135 2607810, 2607811
Fax: +91 135 2607813
E-mail: [email protected],[email protected]
 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “བོད་བཙན་པོའི་ལོ་རྒྱུས།

  1. བོད་ཀྱི་ལོ་རྒྱུས་བོད་བཙན་པོའི་རྒྱལ་རབས་དེབ་གཟུགས་སུ་ཕེབས་ནས་གངས་ཅན་པ་ད་ལྟའི་ཡ་ང་བའི་བཙན་དབང་གི་ལྕགས་སྒྲོགས་ལས་ཡོངས་སུ་ཐར་ནས་རང་བཙན་སླར་གསོའི་བྱ་འགུལ་ལ་བླ་ན་མེད་པའི་ཕན་རླབས་ཐོན་པའི་བཀྲིས་སྨོན་འདུན་ཞུ།

  2. ཀློག་འདོད་ཧ་ཅང་ཆེ་ལ།སྔར་ཡོད་བོད་ཀྱི་བཙན་པོའི་ལོ་རྒྱུས་རྣམས་སུ་མ་ཤོད་པའི་ལོ་རྒྱུས་དང་གནས་ལུགས་མང་དག་ཅིག་རེག་འདོད་ཅིང་ཤིན་ཏུ་ཆེ།བླུ་ཡོན་ལ་ག་ཚོད་ཡིན་ནམ།