པ་ཀི་སི་ཐན་ལ་ཆུ་ལོག་རྒྱུཊ་པ།

ཉེ་ཆར་པ་ཀི་སི་ཐན་ལ་ཆུ་ལོག་རྒྱུགས་ཏེ་ཉུང་མཐར་མི་  ༡༡༠༠ བསད་པ་དང་གཞན་མི་ཁྲི་ ༡༠༠ བརྒལ་བར་གནོད་སྐྱོན་ཚབས་ཆེན་ཕོགས་ཡོད་འདུག

ཕྱི་ཚེས་ ༢ ཉིན་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་པ་ཀི་སི་ཐན་གྱི་ནུབ་བྱང་ཁུལ་དུ་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ཉུང་མཐར་མི་ ༡༡༠༠ ཙམ་འདས་གྲོངས་སུ་སོང་ཡོད་པར་མ་ཟད། ཆུ་ལོག་གི་གནོད་འཚེ་དེའི་ཁྲོད་མི་སེར་ཁྲི་ཚོ་ ༡༠༠ ལྷག་གི་འཚོ་བར་གནོད་སྐྱོན་ཚབས་ཆེན་ཕོགས་ཡོད་པ་རེད། ཆུ་ལོག་གི་རྐྱེན་པས་མིག་སྔར་ས་གནས་མང་ཚོགས་ཁྲོད་བཤལ་ནད་སོགས་ནད་རིཊ་འདྲ་མིན་ལངས་འགོ་ཚུགས་བཞིན་ཡོད་སྟབས་དེ་ནི་ད་ལྟ་པ་ཀི་སི་ཐན་ལ་མཚོན་ན་དཀའ་ངལ་འཕར་མ་ཞིག་ཆགས་ཡོད།   ཐེངས་འདིའི་གོད་ཆག་དེ་ནི་འདས་པའི་ལོ་ ༨༠ ནང་ཡུལ་དེར་བྱུང་བའི་ཆུ་ལོག་དོན་རྐྱེན་དེ་ཆེ་ཤོས་དེ་ཆགས་ཡོད་འདུག པ་ཀི་སི་ཐན་ལ་ཆུ་ལོག་གི་གནོད་འཚེ་བྱུང་མཚམས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གནོད་འཚེ་ཕོགས་མཁན་ཚོར་སྐྱོབ་གསོ་སྤྲོད་རྒྱུར་ཁས་ལེན་བྱས་ཡོད་ལ། ། འདིའི་ཐད་ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལི་རི་མཆོག་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིས་པ་ཀི་སི་ཐན་ལ་ཨ་སྒོར་ཁྲི་ཚོ་ ༡༠༠༠ ལྷག་གི་རོགས་སྐྱོར་དང་། ལྷག་པར་དུ་ཐད་འཕུར་གནམ་གྲུ་དང་གྲུ་གཟིངས་བརྒྱུད་མྱུར་སྐྱོབ་དངོས་རྫས་གང་མགྱོགས་གནོད་འཚེ་ཐེབས་ཡུལ་དུ་འབྱོར་ཐབས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།  རྒྱལ་ཚོགས་དྲུང་ཆེ་བྷེན་ཀེ་མོན་མཆོག་གིས་ཀྱང་རྒྱལ་ཚོགས་ཀྱི་ངོས་ནས་ཐེངས་འདིའི་གོད་ཆགས་ནང་ཨ་སྒོར་ཁྲི་ ༡༠༠༠ ལྷག་གི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། གཞན་ཐེངས་འདིར་རྒྱ་ནག་གིས་ཀྱང་པ་ཀི་སི་སི་ཐན་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད། མྱུར་སྐྱོབ་པས་བཤད་ན། འདས་གྲོངས་སུ་སོང་བའི་གྲངས་འབོར་ཉིན་རེ་ནས་ཉིན་རེར་ཇེ་མཐོར་འགྲོ་གིན་ཡོད་ཚུལ་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “པ་ཀི་སི་ཐན་ལ་ཆུ་ལོག་རྒྱུཊ་པ།