ལ་དྭགས་སུ་ཆུ་ལོག་རྒྱུཊ་པ།

ལ་དྭགས་སུ་ཆུ་ལོག་རྒྱུགས་ཏེ་བོད་མི་ ༣ ཚུད་པའི་ཁྱོན་མི་ ༥༩ ལ་ཤི་སྐྱོན་དང་གཞན་མི་ ༣༠༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ད་ནངས་ཞོགས་པར་ལ་དྭགས་རྒྱལ་ས་གླེ་རུ་ཆུ་ལོག་རྒྱུགས་ཏེ་ཉུང་མཐར་མི་ ༥༩ ཙམ་ལ་ཤི་སྐྱོན་དང་གཞན་མི་ ༣༠༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་འདུག་ལ། ཤེས་རྟོགས་བྱུང་བ་ལྟར་ན་ཆུ་ལོག་གི་གནོད་སྐྱོན་དེའི་ཁྲོད་ནང་མི་གསུམ་ཅན་གྱི་བོད་མིའི་ཁྱིམ་ཚང་ཞིག་བསྣུབས་ཡོད་པར་མ་ཟད། ཁོང་ཚོ་དང་མཉམ་དུ་ཡོད་པའི་བོད་མི་གཞན་ཞིག་ཀྱང་བོར་བརླག་ཏུ་སོང་ཡོད་འདུག ས་གནས་ཉེན་རྟོག་པས་བརྗོད་ན། ཆུ་ལོག་གི་རྐྱེན་པས་ས་གནས་སྲིད་གཞུང་གི་ཁང་རྩེག་དང་ཁང་པ་འགའ་ཡང་ཆུས་འཁུར་ཚར་ཡོད་ལུགས་བརྗོད་ཡོད། ད་ལྟ་ཉེན་རྟོག་པས་མྱུར་སྐྱོབ་བྱེད་ཀྱིན་ཡོད་ལ་ཚོད་དཔག་བྱས་པ་ལྟར་ན་ཤི་རྨས་བྱུང་བའི་གྲངས་འབོར་ད་དུང་མང་དུ་འགྲོ་རྒྱུ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

12 thoughts on “ལ་དྭགས་སུ་ཆུ་ལོག་རྒྱུཊ་པ།

  1. ལ་དྭགས་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ། བོད་ཆེན་པོར་རྐྱེན་ངན་བྱུང་དུས་ཁོང་ཚོས་གདུང་སེམས་མཉམ་སྐྱེད་གནང་བ་ལ་རྗེས་དྲན་ཞུ། ཁོང་ཚོའི་འདས་པོ་ཚོ་སྨོན་ལམ་དང་ཤུལ་ལུས་ཚོ་རསེམས་གསོ་ཞུ།

  2. ཀརྨ་རྡོ་རྗེ།

    ལྔ་བཅུ་ང་དགུ

    ལ་དྭགས་བོད་དང་བྲལ་ནས་ང་དགུ་ལྷག །
    བོད་མི་གཞིས་བྱེས་བྲལ་དུས་ང་དགུ་ཡིན། །
    ལ་དྭགས་ཆུ་ལོག་རྒྱུགས་ནས་ང་དགུ་འདས། །
    ང་དགུ་གོ་གོ་ངང་ནས་ང་དགུ་འདས། །

  3. གངས་ཁྲོད་ཀྱི་རེ་འགུགས།

    བཙན་པོ་སྐབས་ཀྱི་བོད་མི་རིགས་འདི་དག་གཞན་གྱི་རྒྱལ་ཁོངས་སུ་གྱུར་ཀྱང་ཤ་ཁྲག་རུས་གསུམ་ང་ཚོའི་བོད་པ་གཙང་མ་ཡིན་པས་ང་ཚོས་ད་རེ་ཁོང་ཚོར་གདུང་སེམས་མཉམ་སྐྱེད་ཁོང་ཚོའི་འདོད་བློ་ཁེངས་པ་བྱ་དགོས་པ་མཐོང་ཆོས་སུ་གྲུབ་པས་བོད་གཞུང་གཉིས་ཀས་ད་རེའི་གོ་སྐབས་འདི་ཤོར་མི་ཉན། དེ་རིང་བཀའ་བློན་ཁྲི་པ་ཕེབས་ཟིན་པའི་གནས་ཚུལ་ཆོས་རིགས་བཀའ་བློན་མཆོག་གིས་གསུངས་སོང་། མི་མང་གིས་ངོས་གང་བྱས་ཡོད་དམ།

  4. རྒྱལ་བསྟན།

    ལ་དྭགས་ལ་ཆུ་ལོགས་རྒྱུགས་ནས་མི་ཤི་སྐྱོན་ཆགས་བྱུང་བ་རྣམས་ལ་བོད་མི་ཡོངས་ནས་སྡུང་སེམས་མཉམ་སྐྱེས་དང་ཤིན་པོ་གང་མགྱོགས་མཐོ་རིས་སུ་སྐྱེ་བ་དང་སོན་པོ་དཀའ་སྡུག་མྱུར་དུ་གྲོལ་ཐུབ་པའི་སྨོན་ལམ་རྒྱབ་བཞིན་ཡོད།།