རྒྱུགས་འབྲས་ལེགས་ཐོན།

འདི་ལོར་བལ་ཡུལ་གྱི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུགས་ཁྲོད། བོད་མིའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་གྲུབ་འབྲས་ལེགས་ཐོན་བྱུང་བ།

ཟླ་སྔོན་མའི་ཚེས་ ༢ ཉིན་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་ཀྱི་གསལ་བསྒྲགས་སྤེལ་བའི་ནང་། བོད་མིའི་སློབ་གྲྭ་ཁག་གི་རྒྱུགས་འབྲས་ལེགས་ཐོན་བྱུང་ཡོད་ལ། རྣམ་རྒྱལ་མཐོ་རིམ་སློབ་གྲྭར་སློབ་ཕྲུག ༦༢ ཙམ་ཡོད་པའི་ནང་ནས་སློབ་ཕྲུག ༥༥ ཨང་སྡེ་དང་པོ་དང་། སློབ་ཕྲུག་ ༧ ཨང་སྡེ་གཉིས་པ་ལོན་ནས་རྒྱུགས་འབྲས་བརྒྱ་ཆ་ ༡༠༠ ལོན་ཐུབ་པ་བྱུང་ཡོད། སྲོང་བཙན་སློབ་གྲྭར་སློབ་ཕྲུག་ ༤༠ ཡོད་པའི་ནང་ནས་སློབ་ཕྲུག་ ༡ གཟེངས་ཐོན་ཁོངས་སུ་རྒྱུགས་འཕྲོད་ཡོད་པ་དང། སློབ་ཕྲག་ ༣༣ ཨང་སྡེ་དང་པོ། སློབ་ཕྲུག་ ༦ ཨང་སྡེ་གཉིས་པ་ལོན་ནས་རྒྱུགས་འབྲས་བརྒྱ་ཆ་ ༡༠༠ ལོན་ཐུབ་པ་བྱུང་ཡོད། དེ་བཞིན་བལ་ཡུལ་སྤོག་རཱ་ཨེས་ཨོ་ཨེས་སློབ་གྲྭའི་སློབ་ཕྲུག་ཚང་མས་གྲུབ་འབྲས་ལེགས་ཐོན་བྱུང་ཡོད། ལོ་འདིར་བལ་ཡུལ་རྒྱལ་ཡོངས་སློབ་ཕྲུག་ཁྱོན་ ༤༡༢༥༩༢ ཡོད་པ་ནས་སློབ་ཕྲུག་ ༢༤༧༦༨༩ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་བལ་ཡུལ་རྒྱལ་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༦༤། ༣༡ ཐམ་པ་ཟིན་ཡོད་འདུག

 

གསར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “རྒྱུགས་འབྲས་ལེགས་ཐོན།

  1. སྤྱིར་བཏང་བྱས་ན་ཡག་པོ་དང་བསྔགས་མོས་བྱེད་འོས་བ་ཞིག་རེད།ཡིན་ནའང་རྒྱུགས་འབྲས་ལེགས་ཐོན་གྱི་སློབ་ཕྲུག་དེ་དག་བོད་རིགས་གཙང་གཙང་ཞིག་རེད་མི་འདུག་ནམ་རྒྱུན་་བལ་གཞུང་དུ་བོད་ཀྱི་སློབ་གྲ་ཆེ་འབྲིང་ཆུང་གསུམ་གྱི་ནང་ནས་རྒྱུགས་འབྲས་རྩེ་ཕུད་ཀྱི་ཕྲུག་གུ་ཚང་མ་བལ་བོའི་མི་རིགས་ཤར་པ་དང་གཡོལ་མོ།རྟ་མོང་ལ་སོགས་པ་ཡིན་པསོ།

  2. ཉི་ཟླའི་མགྲོན་བདག

    ཡག་པོ་རེད་དགའ་བསུ་ཚང་མ་ལ་ཡོད།མུ་མཐུད་དུ་ཤུགས་རྒྱོབ་ཡག་པོ་ལ་མཐའ་མེད་ཟེར་བ་ནང་བཞིན་རེད།

  3. ངོ་མ་དགའ་ནི་ཞིག་མ་ན་་་་་་་་་་ཕ་བཟང་དང་མ་བཟང་བུ་མོ་འདི་ཚོ་ལ་བཀའ་དྲིན་ཞུ་འོས་ནི་ཞིག་རེད།