ཐེ་བོ་མི་མང་གི་རིམ་གྲོ།

རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བྱེས་འབྱོར་ཐེ་བོ་མི་མང་གིས། ཉེ་ཆར་ཐེ་བོ་སྨད་མར་གཏོགས་པའི་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་གྱིས་ཚབས་ཆེའི་གནོད་སྐྱོན་བྱུང་བར་བཅའ་བ་རིམ་འགྲོ་བསྒྲུབ་བཞིན་ཡོད་འདུག
ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་མདོ་སྨད་ཐེ་བོ་སྨད་མར་གཏོགས་པའི་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་གྱིས་ཚབས་ཆེའི་གནོད་སྐྱོན་ཐེབས་ཏེ། ཚེ་སྲོག་ཤོར་བ་དང་ཤུལ་ལུས་རྣམས་ཀྱི་ཆེད་དུ་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བྱེས་འབྱོར་ཐེ་བོ་མི་མང་ཚོས། མ་བསྐུལ་དང་བླང་གིས་འདས་གྲོངས་སོང་བ་དང་ཤུལ་ལུས་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་སླད་ངྷ་རམ་ས་ལ་དང་། སེ་འབྲས་དགའ་གསུམ་དུ་ཡོད་པའི་ཐེ་བོ་ཁང་ཚན་སོགས་ཐེ་བོ་མི་མང་གི་ངོས་ནས་རང་རང་སར་མཆོད་འབུལ་བྱས་དང་བྱེད་མུས་ཡིན་ལ། བལ་ཡུལ་དུ་ཐེ་བོ་ཚོས་མདོ་སྨད་ས་གནས་རྒྱུན་ལས་དང་མཉམ་འབྲེལ་གྱིས་མཆོད་འབུལ་བྱས་ཡོད་པ་དང་། ད་ལྟ་ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྟོང་མཆོད་ཕུལ་དང་འབུལ་མུས་ཐོག བདུན་ཚིགས་གསུམ་པའི་ཉིན་གཙུག་ལག་ཁང་དུ་རྒྱུད་སྟོད་དང་རྣམ་གྲྭའི་མཁན་རིན་པོ་ཆེཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ། ངྷ་སའི་གཡས་གཡོན་གྱི་དགོན་སྡེ་ཁག་དང་གཉུག་མར་གནས་པའི་གྲྭ་བཙུན་སྔགས་གསུམ། བོད་གཞུང་གི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་གདན་ཞུས་ཀྱིས་མཆོད་འབུལ་གཞི་རྒྱ་ཆེ་ཙམ་ཞིག་ཚོགས་རྒྱུ་གཏན་ཁེལ་བྱུང་ཡོད་ཟེར
ཁོང་གིས་ད་དུང་། ལྷག་པར་དུ་ཐེངས་འདིར་མདོ་སྨད་དབུས་རྒྱུན་ངོས་ནས་མགོ་མཇུག་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ཐུགས་ཁུར་ཆེ་བཞེས་ཀྱིས་གནོད་འཚེ་ཐེབས་པའི་མི་མང་གི་ཆེད་དུྋགོང་ས་མཆོག་ཚོགས་མགོན་དུ་གདན་ཞུས་ཀྱིས་མཆོད་འབུལ་གཞི་རྒྱ་ཆེན་པོ་བྱས་པར་མ་ཟདགནོད་ཐེབས་ས་ཁུལ་གྱི་ཤུལ་ལུས་ནང་མི་ཚོར་རོགས་སྐྱོར་ཆེད་ཞལ་འདེབས་བསྡུ་སློང་ཡང་བྱེད་ཀྱིན་ཡོད་སྟབས། ངེད་ཕ་ཡུལ་གཅིག་པ་ཚོས་མཆོད་འབུལ་སྐབས་སུ་ཐེ་བོ་ནང་ཁུལ་ནས་ཞལ་འདེབས་ཕུལ་བ་ཁོ་ན་མ་གཏོགས་ཕྱི་ལོག་ནས་ཞལ་འདེབས་བསྡུ་སློང་མི་བྱེད་རྒྱུ་ཐག་གཅོད་བྱས་ཡོད་ཅེས་གསུངས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

17 thoughts on “ཐེ་བོ་མི་མང་གི་རིམ་གྲོ།

  1. དབྱངས་ཅན་སྒྲོལ་མ།

    ངོ་མ་ཡག་པོ་རེད། ཐེ་བོ་མི་མང་ལ་གདུང་མཉམ་སྐྱེད་མཚོན་བྱེད་དུ་སང་ཉིན་བལ་ཡུལ་མཆོད་འབྱོད་ས་གནས་ཚོགས་ཆེན་མོར་བལ་ཡུལ་གནས་སྡོད་མདོ་སྨད་མི་མང་ཀྱང་མཆོད་འབུལ་བྱེད་ཁུ་འདུག་པེ་ཡག་པོ་རེ་ཐུགས་རྗེ་ཆེ།