ས་སྐྱ་གོང་མ་ཕྱིར་ཕེབས་པ།

ས་སྐྱ་གོང་མ་རིན་པོ་མཆོག་གིས་ཡུ་རོབ་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཕྱིར་ཁོང་གི་བཞུགས་སྒར་དུ་ཕེབས་ཡོད་འདུག 
དགྲ་བཅོམ་པ་ཆོས་སྐྱབས་ལགས་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཕྲིན་རྣམས་ལེགས་པར་བསྐྱངས་རྗེས། ཕྱི་ཚེས་ ༡༨ ཉིན་ཕྱིར་ཁོང་གི་བཞུགས་སྒར་ར་ཛ་སྤུར་དུ་ཞབས་སོར་བདེ་བར་འཁོད་ཡོད་འདུག
སྐབས་དེར་ས་སྐྱ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་དང་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སང་གྷ་རིན་པོ་ཆེ་རྣམ་གཉིས་གཙོས་གདན་ས་ཁག་གི་མཁན་པོ་རྣམ་པ། གྲྭ་བཙུན་དང་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཤིག་ཞུས་འདུག
ཕྱི་ཟླ་པའི་༢༠ཉིན་ནས་བཟུང་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ར་ཤི་ཡ་དང་དབྱིན་ཡུལ།ཧོ་ལེན་སོགས་སུ་ཆིབས་བསྒྱུར་གྱིས་ཆོས་ཕྱོགས་དང་འབྲེལ་བའི་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད་པ་དང་། ཟླ་པའི་ཚེས་ ༡༢ ཉིན་ཧྥ་རན་སིའི་ strqsbourg ཞེས་པའི་མངའ་སྡེར་ཕེབས་ཏེ། མཁན་ཆེན་ཤེས་རབ་རྒྱལ་མཚན་ཨ་མི་པ་རིན་པོ་ཆེས་ཕྱག་གཏབ་པའི་ས་སྐྱ་བརྩེ་ཆེན་གླིང་དུ་དཔལ་ས་སྐྱ་པའི་ཡབ་ཆོས་བསྟན་པའི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཀྱི་བཀའ་ཆོས་གསུངས་ཡོད།
དེ་བཞིན་སིད་སིར་ཆིབས་བསྒྱུར་གྱིས་མཛད་འཕྲིན་ཁག་ཅིག་བསྐྱངས་ཏེ། ཕྱི་ཚེས་ ༡༨ ཉིན་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་མཁའ་ལམ་བརྒྱུད་རྒྱ་གར་དུ་བདེ་འབྱོར་བྱུང་ཡོད་ཟེར།  
 
བསྐྱར་འགོད་པ།དཔལ་ལྡན།     

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

10 thoughts on “ས་སྐྱ་གོང་མ་ཕྱིར་ཕེབས་པ།

  1. ལྷོ་མཐའི་ཉི་ཟེར།

    རིས་སུ་མ་འཆིས་གངས་རིའི་ཆོས་རྒྱུད་ཆེན་པོ་རྣམས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་པར་ཤོག།། །