རང་བཙན་གོམ་བགྲོད་བྱ་འཆར།

རང་བཙན་གོམ་བགྲོད་བྱ་འཆར།
སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་དབུ་ཁྲིད་པའི་བོད་དོན་གོམ་བགྲོད་པ་ཁག་ཅིག  ཨ་རིའི་ཨིན་ཌའི་ཡ་ན་མངའ་སྡེ་ནས་ཁེ་ན་ཌའི་གྲོང་ཁྱེར་ཁྲོ་རིན་ཁྲོ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་འདུག
འཛམ་གླིང་ཞི་བདེ་བང་ཆེན་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།འཛམ་གླིང་ཞི་བདེ་བང་ཆེན་ཞེས་པའི་ཚོགས་པ་དེས་གོ་སྒྲིག་འོག འཆར་ཟླའི་ཟླ་བཅུ་བའི་ནང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་དབུ་ཁྲིད་པའི་བོད་དོན་ལས་འགུལ་བ་ཁག་ཅིག ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ནས་མགོ་འཛུགས་གནང་སྟེ།གྲོང་ཨོ་ཧཱ་ཡོར་དང་མུ་ཇི་གྷན་བརྒྱུད་ཁེ་ན་ཌའི་གྲོང་ཁྱེར་ཁྲོ་རིན་ཁྲོ་བར་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འཆར་འདུག་ལ།བོད་དོན་དྲིལ་བསྒྲགས་ཀྱི་ཆེད་དུ་སྤེལ་འཆར་ཡོད་པའི་ཞི་བའི་གོམ་བགྲོད་འདིའི་སྐབས་སུ།གོམ་བགྲོད་པ་ཚོས་ཉིན་རེར་རྒྱང་ཐག་སྤྱི་ལེ་༤༠  ནས་༤༩བར་གོམ་བགྲོད་བྱ་འཆར་ཡོད་པ་དང་།བསྡོམས་སྤྱི་ལེ་༨༠༠ཙམ་ལ་གོམ་བགྲོད་བྱ་འཆར་ཡོད་པ་རེད།  
ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི།འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་གཙོས།བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་མི་མང་ལ་གོ་རྟོགས་སྤེལ་འཆར་ཡིན་སྐོར། ནུབ་ཕྱོགས་ཀྱི་འཛམ་གླིང་ཞེ་བདེའི་བང་ཆེན་ཞེས་པའི་དྲ་བའི་ཐོག་གནས་ཚུལ་བཀོད་འདུག
སྲས་འཇིགས་མེད་ནོར་བུ་ལགས་ནི་ལོ་ངོ་དུ་མའི་ཡར་སྔོན་ནས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་ལ།ད་ལོའི་ལོ་སྟོད་དུ་ཨ་རིའི་མངའ་སྡེ་ཁག་ཅིག་གི་ནང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པར་མ་ཟད།འཆར་ཟླའི་ནང་བོད་མི་དང་ཕྱི་རྒྱལ་གྱི་ཡུལ་མི་མཉམ་བསྲེས་ཀྱིས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་རེད།
 
གསར་འགོད་པ་དོན་གོ།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

8 thoughts on “རང་བཙན་གོམ་བགྲོད་བྱ་འཆར།

  1. ཧ་ཧ་ཧ་དྲ་གྲོགས་སེར་ཆེན་ལགས་རང་དབང་རང་བཙན་ཞིག་ཕར་ཞོག་རང་སའི་རང་སྐྱོང་ཞིག་ཀྱང་རག་གི་མ་རེད་ལོ།

  2. བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་ནས་རང་དབང་རང་བཙན་གྱི་ལ་རྒྱའི་དར་ཆ་བསྒྲེངས་པར་ཤོགགགགགགགགག།

  3. ཅོ་རི་ཉི་མ།

    དྲ་གྲོགས་གནམ་ལྕགས་ལགས་ཀྱི་འབྲེལ་རྒྱུད་ནས་གླུ་ཉན་སྐབས་སུ་གཞས་ཚིག་ཞིག་འབྲི་འདོད་སྐྱེས་པས་བྲིས་པ་ཡིན།

    ས་རང་ཡུལ་དགྲ་བོས་འཕྲོག་སོང་ལྭོ།
    བུ་དཔང་པོ་དགྲ་བོས་བསད་སོང་ལྭོ།
    ང་སྡར་མ་ས་མཐའ་བྲོས་ཡོད་ལྭོ།
    འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།

    བོད་གངས་ཅན་ལོ་རྒྱུས་བསུབས་སོང་ལྭོ།
    བུ་མཁས་པ་བཙོན་དུ་བཅུག་སོང་ལྭོ།
    ང་གླེན་པས་ཡིག་ནོར་བྲིས་ཡོད་ལྭོ།
    འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།

    རྗེ་རྒྱལ་བ་དགོངས་ལོ་མཐོ་སོང་ལྭོ།
    ལམ་དབུ་མ་ཁ་ཐག་རིང་སོང་ལྭོ།
    ང་ལག་རྒན་འགྲོ་འདོད་མི་འདུག་ལྭོ།
    འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།

    བོད་སྤྱི་དངུལ་ལྐོག་ཟ་བྱས་སོང་ལྭོ།
    བོད་གསར་འབྱོར་འཚོ་བ་སྐྱོ་སོང་ལྭོ།
    ང་ས་མཐའ་གཡོག་ལ་བསྡད་ཡོད་ལྭོ།
    འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།