མི་ ༤༢ བསད་འདུག

 

ཨེ་ཁོ་ཌོར་རྒྱལ་ཁབ་ཀྱི་ཁོའུ་ཊོ་གྲོང་ཁྱེར་དུ་ཡུལ་སྐོར་དུ་བསྐྱོད་བཞིན་པའི་རླངས་འཁོར་ཞིག་ལ་བརྡབ་སྐྱོན་བྱུང་སྟེ། ཉུང་མཐར་མི་ ༥༣ ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག

སི་ཨིན་ཨིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་སུམ་བཅུའི་ ༣༌༣༠ ཐོག་ཨེ་ཁོ་ཌོར་ Ecuador རྒྱལ་ཁབ་ཀྱི་ཁོའུ་ཊོ་གྲོང་ཁྱེར་དུ་ཡུལ་སྐོར་དུ་འགྲོ་བཞིན་པའི་རླངས་འཁོར་ཞིག་གིས་མྱུར་ཚད་ལ་ཚོད་འཛིན་མ་ཐུབ་པར་གློ་བུར་དུ་བརྡབ་སྐྱོན་བྱུང་ཡོད་པ་དང་།  དོན་རྐྱེན་དེའི་ཁྲོད་མི་ ༤༢ ལ་སྲོག་སྐྱོན་དང་གཞན་མི་ ༡༡ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
དོན་རྐྱེན་དེའི་ཐད་ཡུལ་དེའི་དཔོན་རིགས་ཤིག་གིས་གསར་འགོད་པར་བརྗོད་དོན།   རླངས་འཁོར་དེ་ནི་ཁོའུ་ཊོ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ནས་རྨིད་ ༥༥ ཙམ་གྱི་སར་བརྡབ་སྐྱོན་བྱུང་འདུག་ལ། སྐབས་དེར་རྨས་སྐྱོན་བྱུང་བའི་ཁྲོད་ལོ་ན་ཆུང་ཤོས་དེ་ཟླ་ ཙམ་ལས་ཕྱིན་མེད་པའི་བྱིས་པ་ཞིག་ཡིན་པ་དང་ལོ་ན་མཐོ་ཤོས་དེ་རང་ལོ་ ༧༣ ཅན་གྱི་བགྲེས་སོང་ཞིག་ཡིན་ཚུལ་བརྗོད་ཡོད།
དོན་རྐྱེན་བྱུང་མཚམས་ཉེན་རྟོག་པས་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་དེ་དག་ལས་ནད་པ་ཁ་ཤས་ཤིག་ད་ལྟ་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་རེད།
 
གསར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “མི་ ༤༢ བསད་འདུག

  1. ཨ་མྱེ་རྫ་རྒྱ་

    ཚེ་ལས་འདས་པ་འདས་མ་དེ་རྣམས་ཀྱི་དོན་དུ་ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

  2. ཤེལ་དཀར་བློ་བཟང་།

    གསར་འགོད་པ་ལགས། སུམ་བཅུའི་མ་རེད། སུམ་ཅུའི་རེད། གསར་འགོད་པ་ཚོས་དག་ཆར་གཟབ་གཟབ་གནང་རོགས།

    ལས་བྲས་ལགས།
    ལས་འབྲས་རྣམ་གཞག་ལྟ་ཅི་མ་ཎི་ཡང་འདོན་ཤེས་ཀྱི་མི་འདུག
    ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་གསུངས་རོགས།

  3. ཚེ་འདས་རྣམས་བདེ་འགྲོའི་རྟེན་བཟང་ཐོབ་པ་དང་རྨས་པ་རྣམས་མྱུར་དུ་ནད་ལས་གྲོལ་བར་གྱུར་ཅིག
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།