འུད་སྒྲོག་བྱས་སོང་ཟེར།

རྒྱ་གར་གྱི་མཚམས་སྦྱོར་ཚན་པས་བལ་བོས་ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་བའི་བོད་མི་ཕྱིར་བསྐྱལ་སྐོར་འུད་སྒྲོག་བྱས་སོང་ཟེར།
དེ་རིང་རྒྱ་ནག་གི་རྒྱལ་ཁམས་བསྐོར་བའི་དུས་ཚགས་ཞེས་པའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མཚམས་སྦྱོར་ཚན་པས་བལ་བོས་ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་བའི་བོད་མི་ཕྱིར་བསྐྱལ་སྐོར་འུད་སྒྲོག་བྱེད་ཀྱིན་འདུག་ཅེས་དང་། ཡང་གསར་འགྱུར་དེའི་ནང་བཀོད་དོན། ཉེ་ལམ་རྒྱ་གར་གྱིས་ཀྲུང་གོར་ “མིག་གིས་དམ་པོར་འཚོ” བཞིན། ཀྲུང་གོས་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་གྱི་ཤུགས་རྐྱེན་ཇེ་ཆེར་བཏང་སྟེ། རྒྱ་གར་གྱི་བདེ་འཇགས་ལ་རྒྱུན་མ་ཆད་པར་ཉེན་ཁ་བཟོ་བཞིན་ཡོད་ཅེས་འུད་སྒྲོག་བྱེད་བཞིན་ཡོད། ཟླ་ ༩ པའི་ཚེས་ ༩ ཉིན་ 《རྒྱ་གར་དུས་ཚགས》 དུ། བལ་བོས་ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་བའི་བོད་མི་ཕྱིར་ཀྲུང་གོར་བསྐྱལ་པ་དང་། “དེ་ནི་ཀྲུང་གོས་རྒྱ་གར་གྱི་ཉེ་འབྲེལ་རྒྱལ་ཁབ་ཏུ་དྲག་ཤུགས་ཇེ་ཆེར་གཏོང་བའི་མཚོན་རྟགས་ཤིག་རེད་”ཅེས་བཀོད་ཡོད།
བལ་བོས་ད་ལོའི་ཟླ་ ༦ པར་བལ་བོ་དང་ཀྲུང་གོའི་མཐའ་མཚམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་པ་མ་ཟད།  དུས་དེ་ནས་བཟུང་གཏན་འཁེལ་གྱི་དུས་ཚོད་ནང་ལྟར། ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་བའི་བོད་མི་ཕྱིར་ཀྲུང་གོར་བསྐྱལ་བ་དང་། མི་འདི་དག་ནི་བལ་བོ་བརྒྱུད་ནས་རྒྱ་གར་དུ་བསྐྱོད་རྩིས་ཡོད་པའི་བོད་ཀྱི་སྡོད་དམངས་ཡིན།
རྒྱུས་ལོན་བྱས་པ་ལྟར་ན། བལ་བོས་ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་བའི་སྐོར་དང་པོའི་བོད་མི་ ༣༣ ཕྱིར་རྒྱལ་ནང་དུ་བསྐྱལ་བ་རེད། གནས་ཚུལ་དེའི་ཐད་རྒྱ་གར་གྱི་དཔོན་རིགས་ཀྱིས་འདི་སྐད། དེ་ནི་ཀྲུང་གོས་བལ་བོའི་ཤུགས་རྐྱེན་ཇེ་ཆེར་གཏོང་བའི་མཚོན་རྟགས་གཞན་ཞིག་རེད་ཅེས་བཀོད་འདུག
གནས་ཚུལ་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
 
གསར་འགོད་པ། ཨ་རིག་འགྱུར་མེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “འུད་སྒྲོག་བྱས་སོང་ཟེར།

  1. དེང་བོད་གཞི་བྱེས་གང་དུ་ཡང་རྒྱ་དམར་ལ་ངོ་རྒོལ་བྱས་པ་ཡིན་ན་དེ་ནི་ལོག་སྤྱོད་པ་སོན་པོ་ཆགས་ཀྱི་ཡོད་པས་རང་གི་བལྟོ་གོས་ཙམ་ཡང་འགན་ལེན་ཐུབ་ཐབས་མེད་པ་ཡིན་པས་ཚང་མ་ཁུ་སིམ་མེར་བྱང་ཆུབ་སེམས་སྒོམས་ནས་བསྡད་ཡོད་དོ།།

  2. ད་ང་རང་ཚོས་ག་རེ་བྱེད་དགོས་རེད།
    ཡས་ནས་གཅིག་བྱེད་ཀྱི་འདུག་མས་ནས་གཅིག་བྱེད་ཀྱི་འདུག་ལབ་ན་འགྲིག་གི་མི་འདུག
    དོན་དངོས་ལམ་ཁ་ག་འདྲ་ཞིག་ཏུ་འགྲོ་དགོས་རེད། རྒྱ་ནག་ལ་བསྟུན་དགོས་རེད་དམ་རྒྱ་ནག་ལ་རྒོལ་དགོས་རེད། བོད་ནང་ནས་ངོ་རྒོལ་བྱེད་དགོས་རེད་དམ་ཡང་ན་བཙན་བྱོལ་ནང་ནས་ངོ་རྒོལ་བྱེད་དགོས་རེད།
    རྒྱ་གར་གྱི་འཚེ་མེད་བསྟུན་མེད་ཀྱི་ཞི་བའི་ལས་དོན་ལྟར་རང་ཅག་རྣམས་ཀྱི་དབུ་འཁྲིད་ཁོང་ཕེབས་ནས་བོད་དོན་གྱི་ཆེད་ཞི་བའི་ངོ་རྒོལ་རྔམ་སྟོན་བྱེད་དགོས་རེད།
    ཡང་ན་གཞོན་ནུ་ཚོགས་པའི་དབུ་འཁྲིད་འོག་འཛམ་གླིང་ཁྱོན་ཏུ་ཞི་བའི་སྐད་འབོད་བསྒྲོགས་དགོས་རེད།
    ཡང་ན་ཚོགས་པ་ཆེ་ཁག་སམ་ཚོགས་པ་ཚང་མས་བོད་དོན་ཐོག་དངོས་བཤུགས་རྒྱུད་གསུམ་གྱི་སྒོ་ནས་ཁ་ཙམ་མ་ཡིན་པར་སྐད་འབོད་དང་རྔམ་སྟོན་ཁྱབས་བསྒྲགས་སྙན་ཞུ་གྲོས་མོལ་སྡིག་ར་སོགས་ཐབས་ལམ་གང་ཡོད་ནས་ཚ་ཚ་འུར་འུར་ཞིག་སྤེལ་དགོས་རེད།
    ཡང་ན་བོད་ནང་ནས་མཁས་དབང་གཅིག་བཟུང་སོང་། གཅིག་བསད་སོང་དམ་དྲག་བྱེད་ཀྱི་འདུག གཏེར་ཚང་མ་བསྔོགས་ཀྱི་འདུག་ནགས་ཚལ་བཅོད་བྲེག་བྱེད་ཀྱི་འདུག རྒྱ་བསྐྱེད་རིང་ལུགས་བྱེད་ཀྱི་འདུག བོད་མིའི་སྐྱེ་སྒོ་བཀག་གི་འདུག་ཆོས་དད་རང་དབང་མི་འདུག་སོགས་ལབ་ནས་ཞི་འཇམ་ངང་བསྡད་དགོས་རེད།
    དྲ་གྲོགས་ཚོས་ཁོ་བའི་བསམ་ཚུལ་འདི་ལ་གཅིག་གསུངས་དང་།