འོས་གཞི་ལས་ཕྱིར་ཕུད།

འབྱུང་འགྱུར་ཕྱི་ཟླ ༡༡ ནང་གི་འབར་མའི་རྒྱལ་ཡོངས་འོས་བསྡུའི་ནང་། བཟང་བཙོན་དུ་མི་ལོ་ ༢༠ རིང་ཚུད་པའི་འབར་མའི་མང་གཙོའི་འཐབ་རྩོད་པ་ཨང་སན་སཱོ་སྐྱིད་ (Aung San Suu Kyi) ཚོགས་པ་གཙོས་པའི་ཆབ་སྲིད་ཚོགས་པ འོས་བསྡུའི་ནང་ཞུགས་མི་ཆོག་ཅེས། འབར་མ་གཞུང་འོས་བསྡུ་ལྷན་ཁང་གིས་ཐག་གཅོད་གསལ་བསྒྲགས་བྱས་ཡོད་འདུག འབར་མ་གཞུང་འབྲེལ་གསར་ལམ་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ ༡༡ པའི་ནང་གི་འོས་བསྡུའི་ཁྲོད་ཞུགས་འཆར་ཡོད་པའི་ཆབ་སྲིད་ཚོགས་པ ༤༢ ཐོ་འགོད་བྱས་ཡོད་པ་ལས། ཚོགས་པ་ལྔ་ཕྱིར་ཕུད་བཏང་འདུག རྒྱུ་མཚན་ནི་ཚོགས་པ་དེ་དག་གི་འོས་མི་ཚོར་འོས་གཞིའི་ཆ་རྐྱེན་ཚང་མེད་པས་ཡིན་འདུག

སཱོ་སྐྱིད་རྒྱལ་ཡོངས་མང་གཙོའི་མཐུན་ཚོགས་ (National League for Democracy) ཟེར་བ་འདི་ཕྱིར་ཕུད་བཏང་ཟིན་པའི་ཆབ་སྲིད་ཚོགས་པ་ལྔའི་ནང་གི་གཅིག་ཡིན་ཞིང་། མུ་མཐུད་ཚོགས་པ་དེ་དག་གིས་འབར་མའི་སྲིད་གཞུང་ལ་འོས་བསྡུའི་ཐད་ཀྱི་སྒྲིག་ཁྲིམས་དྲང་བདེན་མིན་པར་ངོ་རྒོལ་བྱས་པར་བརྟེན། ད་ཆར་ཁ་གཏད་ཆབ་སྲིད་ཚོགས་པ་ལྔ་ཆར་གཞུང་གི་གནོད་ཤུགས་འོག་རྩ་གཏོར་བཏང་ཡོད་འདུག ཕྱི་ལོ ༡༩༩༠ ལོར་སཱོ་སྐྱིད་རྒྱལ་ཡོངས་མང་གཙོའི་མཐུན་ཚོགས་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། དབང་འཛིན་ཚོགས་པས་ཁོ་ཚོར་འཛིན་སྐྱོང་དབང་ཚད་ཀྱི་གནས་རིམ་ནང་སླེབས་བཅུགས་མེད་པ་རེད།

ཐེངས་འདིའི་འབར་མའི་འོས་བསྡུ་ལ་མང་ཚོགས་ཀྱི་མིང་ཐོག་ནས་དོན་དངོས་སུ་དམག་མིའི་དབང་ཤུགས་ལག་བསྟར་བྱེད་ཀྱི་ཡོད་པར་ཕྱོགས་ཡོངས་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག ཆབ་སྲིད་དབྱེ་ཞིབ་པ་ཚོས། ཐེངས་འདི་ནི་ཕལ་ཆེར་མི་ལོ་ ༢༠ རིང་བཟང་བཙོན་དུ་ལྷག་པའི་སཱོ་སྐྱིད་ཐེངས་འདིའི་འོས་གཞིར་ལངས་མ་བཅུགས་པ་དེ། འབར་མ་རྒྱལ་ཁབ་ཐེངས་དང་པོར་དམག་མིའི་དབང་སྒྱུར་འོག་ཚུད་པ་ཤུགས་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག  

གསར་འགོད་པ། བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “འོས་གཞི་ལས་ཕྱིར་ཕུད།

  1. འབར་མ་དྲག་པོའི་གཞུང་ནང་བཞིན་ཞིག་ང་རང་བོད་པའི་ནང་དུ་ཡང་གཅིག་དགོས་པ་འདུག
    ཞི་བ་ཞི་བ་ཞི་བ་ཞི་བ་ཞི་བའི་སྟེང་དྲག་པོ་དྲག་པོ་དྲག་པོ་ཞིག་ངེས་པར་དགོས་པ་འདུག
    དེ་མིན་རྒྱ་ནག་པོ་འདིས་ལས་སླ་པོར་བཞག་པ་མི་འདུག
    བོད་མི་རྣམ་དཔྱོད་ཅན་ཚང་མ་གཅིག་རེ་གཉིས་རེ་བྱས་ནས་མེད་པ་བཟོ་གི་འདུག

  2. དྲ་གྲོགས་ཚོ། ཉེ་ཆར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁོང་གི་ཟིན་བྲིས་སུ་བསམ་ཚུལ་ཞིག་སྤེལ་ཡོད་པ་དང་། དེའི་ནང་གསུང་བཤད་ཅིག་གི་གློག་བརྙན་ཁུངས་སྐྱེལ་དུ་བཞག་ནས་གསུང་བཤད་དེའི་ནང་དོན་གྱི་ཐོག་ལ་ཧ་ལས་པའི་སྒོ་ནས་སྐྱོན་བརྗོད་དང་བློ་ཕམ་བྱས་འདུག གནད་དོན་འདིའི་ཐད་ལ་ལྟ་ཚུལ་གང་ཡོད་ཀྱང་དོ་སྣང་ངེས་པར་བྱེད་དགོས་པ་ཞིག་རེད། གཤམ་ལ་འཇམ་དབྱངས་ནོར་བུ་ལགས་ཀྱི་དྲ་བ་དང་། གློག་བརྙན་གྱི་འབྲེལ་ཐག་བཅས་བཞག་ཡོད། གནས་ཚུལ་འདི་ལ་ཕྱོགས་ཡོངས་ནས་དོ་སྣང་བྱེད་རོགས། དྲ་གྲོགས་ཚོ།
    ༡ འཇམ་དབྱངས་ནོར་བའི་ཟིན་བྲིས་ཀྱི་ནང་བཀོད་པའི་རྩོམ་དང་བཅས་པའི་ཁ་བྱང་། http://www.jamyangnorbu.com/blog/2010/09/10/dangerous-liaison-i/

    ༢ འཇམ་དབྱངས་ནོར་བུ་ལགས་ཀྱི་ཟིན་བྲིས་སུ་དྲངས་པའི་གསུང་བཤད་གློག་བརྙན་གྱི་དྲ་ཐག http://www.youtube.com/watch?v=c-_7sBcuyqA&feature=player_embedded