རྒྱ་དམག་གི་གནམ་གྲུས་འཕུར་ཚོད་མ་ཟིན།

ལྷོ་ཤར་ཨེ་ཤ་ཡའི་ཁ་ཛག་སི་ཐན་Kazakhstan རྒྱལ་ཁབ་ཀྱིས་རྒྱ་ནག་ལ་མཛའ་གྲོགས་ཀྱི་འབྲེལ་ལམ་སྟེང་སྣུམ་དང་རླངས་རྫས་མཁོ་སྤྲོད་བྱ་པ་དེས། ཁ་ཛག་སི་ཐན་རང་སྟེང་ལ་ཕྱིར་རྒྱ་ནག་གི་འཇིག་སྐུལ་དང་མཁའ་དམག་སྦྱོང་བརྡར་གྱི་གོ་སྐབས་ཤིག་བསྐྲུན་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༠ སྟེ། གཟའ་ཟླ་བའི་ཉིན་རྒྱ་ནག་མཁ་དམག་གནམ་གྲུའི་སྦྱོང་བརྡར་ཞིག རྒྱ་ནག་གི་ས་མཚམས་ལས་བརྒལ་ཏེ་ཁ་ཛག་སི་ཐན་རྒྱལ་ཁབ་ཀྱི་ས་ཁོངས་སུ་འཛུལ་པའི་གནས་ཚུལ་བྱུང་ཡོད་ཅིང་། གནད་དོན་དེས་རྒྱ་ནག་གི་མཁ་དམག་ལོ་རྒྱུས་ཐོག དམག་སྦྱོང་རྒྱལ་མཚམས་ལས་བརྒལ་བ་ཐེངས་དང་པོ་དེ་ཆགས་ཡོད་འདུག རྒྱལ་སྤྱིའི་དཔྱད་ཞིབ་པ་ཚོའི་བརྗོད་པ་ལྟར་ན། ཨ་རིས་ཏཱ་ལུ་བྷན་ Taliban དམིགས་འབེན་དུ་བཟུང་སྟེ། པ་ཀི་སུ་ཐན་ Pakistan དང་ཨབ་གྷ་ནི་སི་ཐན་Afghanistan ནང་མཁ་དམག་གི་སྦྱོང་བརྡར་བྱས་པའི་སྟོབས་ཤུགས་དེ། ད་ལྟ་རྒྱ་ནག་གིས་ལག་བསྟར་བྱེད་ཀྱིན་ཡོད་ལུགས་བརྗོད་འདུག

ཐེངས་འདིར་རྒྱ་ནག་གི་མཁ་དམག་གནམ་གྲུ H-6H bombers  དང་གཞན་གཉིས་ J-10 fighter jets བཅས་མཚོན་པའི་གནམ་གྲུ་དྲུག་རྒྱལ་མཚམས་བརྒལ་ཏེ་ཁ་ཛག་སི་ཐན་ནང་འཛུལ་ཡོད་ཅིང་། གནམ་གྲུ་དྲུག་པོ་ཁག་གཉིས་བྱས་ཏེ་འཕུར་སྐྱོད་བྱས་སྐབས། གནམ་གྲུ་རྣམས་ཁ་ཛག་སི་ཐན་ས་ཚུགས་མ་བརྒལ་གོང་སྣུམ་འདྲེན་གནམ་གྲུ་གཞན་ཞིག་ཡོང་ནས་སྣུམ་ཁ་སྣོན་བྱས་ཡོད་འདུག ཐེངས་འདིའི་མཁའ་དམག་སྦྱོང་བརྡར་གྱི་དམག་སྤྱི་མཱེན་གོ་པིན་གྱིས། ཐེངས་འདིའི་མཁའ་དམག་སྦྱོང་བརྡར་ནི་ཁ་གཏད་ཕྱོགས་ཁག་གསུམ༼འཇིག་སྐུལ་རིང་ལུགས་པ། ཁ་བྲལ་རིང་ལུགས་པ། དྲག་སྤྱོད་རིང་ལུགས་པ།༽ལ་གྲ་སྒྲིག་དང་མཁའ་དམག་གི་སྟོབས་ཤུགས་ངོམ་པ་ཙམ་མ་ཡིན་པར། རྒྱ་ནག་གི་དྲག་ཆས་དམག་དཔུང་ལ་སྦྱོང་བརྡར་སྤྲོད་ཕྱོགས་ཀྱི་ལམ་ཁ་གལ་ཆེན་ཞིག་ཀྱང་ཡིན། ཞེས་དང་། གནམ་གྲུ་འདི་དག་ལ་སྣུམ་རྫོགས་འགྲོ་བའི་ཉེན་ཁ་མེད་མོད། ལས་དོན་ལེགས་འགྲུབ་ཡོང་བར་ངེས་བརྟན་བཟོས་པ་ཞིག་ཡིན་པས། སྣུམ་ཁ་སྣོན་བྱས་པ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “རྒྱ་དམག་གི་གནམ་གྲུས་འཕུར་ཚོད་མ་ཟིན།

  1. འདྲེ་རིག་ལྡན།

    Taliban….. ལ་ཋ་ལི་བྷན་་་དང་་་་ ཡང་ན་ཐ་ལི་བྷན་ཞེས་བྲིས་ཡོད་སྙམ། ཏྰ་ལའི་བྷན་་་་་ཟེར་ན་ཁྱད་མཚར་ཞིག་ཆགས་ས་མ་རེད་དམ། འདི་འདྲའི་རིགས་ལ་དོ་སྣང་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།

  2. དྲང་སྲོང་།

    རྒྱ་ནག་ལ་སྟོབས་ཤུགས་ཅི་ཙམ་ཡོད་པ་དེ་ཙམ་གཞན་ལ་ངོམ་ངེས་ཡིན། མ་ཟད་སྟོབས་ཤུགས་དང་བསྟུན་དེ་ཉེ་འཁོར་གྱི་རྒྱལ་ཕྲན་མང་པོ་བྲན་དུ་བཀོལ་དགོས་པའི་ལས་འཆར་ཡོད། ཤར་ཨེ་ཤི་ཡའི་ནམ་མཁའ་ལ་རྒྱ་ནག་གི་དམག་འཐབ་གནམ་གྲུ་གང་འདོད་ལྟར་འཕུར་ཆོག མི་རིང་བར་རྒྱ་གར་གྱི་བར་སྣང་ལ་རྒྱ་ནག་གི་དམག་འཐབ་གནམ་གྲུ་འོང་ངེས་ཡིན། བོད་མི་སྐྱབས་བཅོལ་བ་ཚོ་འཇིགས་སྐྲག་སྐྱེ་ནའང་ཕན་ཐོག་ཆེན་པོ་མེད་པ་འདྲ།

  3. ད་རྒྱལ་ནག་གི་སྟོབས་ཤུགས་ནི་ཕྱི་རུ་དངོན་ཡོང་གི་འདུག་པ་མ་ཚད་འཇིགས་སྐུལ་རིང་ལུགས་ཟེར་བ་དེ་ནི་ཨ་རིས་དང་།ཁ་བྲལ་རིང་ལུགས་ནི་བོད་དང་ཡུལ་གུ་མི་རིགས།དེ་ག་ནང་བཞིན་དྲག་སྤྱོད་རིང་ལུགས་ནི་ཁ་ཆེ་དྲག་སྤྱོད་པ་དག་ལ་གོ་དགོས་པ་མ་ཡིན་ནམ།