ཉིང་ཁྲིར་ནད་ཡམས་བྱུང་བ།

ཉིང་ཁྲི་ས་ཁུལ་དུ་གློ་བའི་གཉེན་ཚད་ཀྱི་ནད་ཡམས་ཤིག་བྱུང་སྟེ་མི་ འདས་གྲོངས་དང་གཞན་མི་  འགོས་ནད་ཀྱི་རྐྱེན་པས་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག
རྒྱ་ནག་འཕྲོད་བསྟེན་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན།ཉེ་ཆར་བོད་ཀྱི་ཉིང་ཁྲི་ས་ཁུལ་གྱི་ལ་ཏོག་གྲོང་ཚོའི་ནང་གློ་བུར་དུ་གློ་བའི་གཉན་ཚད་ཀྱི་ནད་ཡམས་ཤིག་བྱུང་སྟེ་མི་ འདས་གྲོངས་དང་གཞན་མི་  འགོས་ནད་ཀྱི་རྐྱེན་པས་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག   
ནད་ཡམས་དེ་ནི་ཕྱི་ཟླ་པའི་ཚེས་༢༣ཉིན་ཐོག་མར་བྱུང་བ་ཞིག་ཡིན་ནའང་།ནད་རྟགས་ངོས་འཛིན་མ་ཐུབ་པའི་དབང་གིས་ཁྱབ་བརྡལ་དུ་ཕྱིན་པ་ཞིག་ཡིན་མོད། རྒྱ་གཞུང་གིས་ནད་ཡམས་བྱུང་སའི་ས་མིང་ཙམ་ལས་འདས་གྲོངས་སུ་ཕྱིན་པ་དང་སྨན་ཁང་དུ་ཡོད་པའི་ནད་པ་ཚོིའི་མིང་དང་ལོ་རྒྱུས་སོགས་ཕྱིར་བསྒྲགས་བྱས་མི་འདུག
ད་ཆར་རྒྱ་ནག་འཕྲོད་བསྟེན་ཚན་པས་ནད་ཡམས་སྔོན་འགོག་ཆེད་ཉིང་ཁྲི་ས་གནས་སུ་ལས་བྱེད་ནར་གཏོང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། གློ་བའི་གཉེན་ཚད་དེ་ནི་མིའི་སྲོག་འཕྲོག་པའི་གློ་བུར་བའི་ན་ཚ་ཞིག་ཡིན་པར་མ་ཟད། ནད་རྟགས་སུ་ཚ་བ་འཕར་བ་དང༌། མགོ་ན་བ། གཟུགས་པོར་ཤུགས་མེད་པའི་ཚོར་སྣང་སོགས་ཡོང་གི་ཡོད་འདུག
 
བསྐྱར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ཉིང་ཁྲིར་ནད་ཡམས་བྱུང་བ།

  1. BBC ནང་གི་རྒྱ་ཡིག་སྡེ་ཚན་དུ་འདི་ལྟར་བཀོད་འདུག། 中国卫生部周日(26日)发布公告说,西藏林芝地区朗县发生一起疑似人间鼠疫疫情,至今有五人发病,其中一人死亡。
    ནང་དོན་ནི། ཀྲུང་གོ་འཕྲོད་བསྟེན་ལྷན་ཁང་གིས་གཟའ་ཉི་མར་(སྤྱི་ཚེས་26)བསྒྲགས་པའི་གནས་ཚུལ་ལྟར་ན། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ལིང་རྫོང་དུ་འཕྱི་བའི་རིམས་ནད་ཁྱབ་སྟེ། མི་ལྔ་ལ་རིམས་ནད་ཕོག་པ་དང་། དེ་ལས་མི་གཅིག་འདས་གྲོངས་སུ་གྱུར་འདུག ཅེས་བཀོད་འདུག གོང་དུ་གློ་བའི་གཉན་ཚད་ཅེས་བཀོད་འདུག་པ་གང་ཡིན་ནམ། གསར་འགོད་པས་གནས་ཚུལ་མཁོ་བསྡུ་བྱེད་ས་ཡོང་ཁུངས་མ་འདྲ་ཞིག་ཡིན་ནམ། དོ་སྣང་མ་བྱུང་བ་ཡིན་ཐུགས་སྣང་གནང་རོགས།