ཨ་རིའི་ལྐོག་ཇུས་རེད་ཟེར།

༢༠༠༡ ལོར་ཨ་རིའི་ནང་བྱུང་པའི་ ༩།༡༡ གི་དོན་རྐྱེན་དེ་ཨ་རིའི་གཞུང་ལ་འབྲེལ་བ་ཡོད་ཟེར།
ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནེའུ་ཡོག་ཏུ་ཚོགས་ཤིང་། ཕྱི་ཚེས༢༣ ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨི་རན་སྲིད་འཛིན་ Ahmadinejad  གྱིས་གཏམ་བཤད་ཅིག་སྤེལ་བ་དེར།ཨ་རི་གཙོས་རྒྱལ་ཁབ་༣༣ཀྱི་འཐུས་མིས་ངོ་རྒོལ་གྱིས་ཚོགས་ཐོག་ནས་ཕྱིར་བུད་འདུག
ཚོགས་ཐོག་ནས་ཨི་རན་སྲིད་འཛིན་གྱིས། ཁོས་ལོ་རྗེས་མར་འཇིགས་སྐུལ་རིང་ལུགས་པའི་གནད་དོན་སྟེང་ཚོགས་ཆེན་ཞིག་གོ་སྒྲིག་བྱ་རྒྱུ་དང་། ༢༠༡༡ ལོ་ནི་རྡུལ་ཕྲན་གོ་མཚོན་བཀག་སྡོམ་གྱི་ལོ་ཞིག་ལ་འབད་བརྩོན་བྱ་དགོས་ལུགས།དེ་བཞིན་ཆ་སྙོམས་མིན་པའི་འཛམ་གླིང་གི་གནས་བབ་དང་མ་རྩ་རིང་ལུགས་པའི་ཉེས་སྐྱོན་ལ་ཐེར་འདོན་བྱས་པ་མ་ཟད། ད་ལྟ་མ་རྩ་རིང་ལུགས་མགོ་རྟིང་སློག་ཏེ། འཛམ་གླིང་འདི་མཛངས་སྤྱོད་ལྡན་པའི་སྐྱེས་ཆེན་སྟོན་པ་ལྟ་བུ་ཞིག་གིས་འགོ་ཁྲིད་བྱ་དགོས་ཀྱི་འདུག་ཅེས་དང་།
ཁོང་གིས་མུ་མཐུད། ༢༠༠༡ ལོའི་ཨ་རིའི་ནང་བྱུང་པའི་ ༩།༡༡ གི་དོན་རྐྱེན་དེའི་རྒྱབ་ལྗོངས་སུ་ཨ་རིའི་གཞུང་དང་འབྲེལ་བ་ཡོད་ཅིང་། དེ་ནི་གཙོ་བོ་ཨ་རིའི་གཞུང་གི་ཁག་འདོགས་སའི་སྲིད་ཇུས་ཤིག་ཏེ། རྒྱལ་སྤྱིའི་དོ་སྣང་འགུག་ཐབས་ཀྱིས་ཨ་རིའི་དཔལ་འབྱོར་གྱི་ཉམས་རྒུད་བསྐྱར་གསོ་བྱ་ཐབས་ཤིག་དང་ཨི་ཟི་རེལ Israel སྲིད་དབང་བརྟན་ལྷིང་བཟོ་ཕྱིར་ཡིན་པར་རྒྱལ་སྤྱིའི་སྲིད་དོན་པ་དང་། ཨ་རི་རང་གི་མི་མང་པོ་ཞིག་བཅས་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བརྗོད་མ་ཐག ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་དང་། དབྱིན་ཇིའི་འཐུས་མི་གཙོས་འཐུས་མི་ ༣༣ ཙམ་གྱིས་ངོ་རྒོལ་གྱི་རྣམ་པའི་སྟེང་ཐད་ཀར་ཚོགས་འདུ་ནས་ལངས་ཏེ་ཕྱིར་བུད་འདུག
རྗེས་སུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས། ༩།༡༡ གི་དོན་རྐྱེན་དེར་ཨ་རིའི་གཞུང་ལ་འབྲེལ་བ་ཡོད་ཟེར་བ་དེ་ཁྲིམས་འགལ་དང་འཁོན་འཛིན་ཅན་གྱི་སྐད་ཆ་ཞིག་རེད་ཅེས་བརྗོད་ཡོད།
 
གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

5 thoughts on “ཨ་རིའི་ལྐོག་ཇུས་རེད་ཟེར།

  1. འདི་ནི་ཨི་རན་གྱིས་ཨ་རི་ལ་དམག་འགོ་སློང་བའི་རྣམ་པ་ཙམ་ལས་དགུ་བའི་བཅུ་གཅིག་ལ་བསྐྱར་ཞིབ་ཀྱི་དམིགས་ཡུལ་མ་རེད།