ཀརྨ་པ་ཕེབས་འཇུག་རོགས།

འབྲས་ལྗོངས་མི་མང་གིས་ཀརྨ་པ་མཆོག་རུམ་བཏེགས་དགོན་དུ་ཕེབས་རྒྱུར་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་འདུག
རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།ཀརྨ་པ་ཕེབས་བསུ་ཚོགས་པ་དང་མཉམ་འབྲེལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ཟླ་འདིའི་ཚེས་༢༦ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཡུལ་དེའི་དགོན་སྡེ་ཁག་༦༥ ནས་ཕེབས་པའི་དགེ་འདུན་པ་༣༠༠༠དང་ས་གནས་མི་མང་བཅས་ཁྱོན་མི་ཁྲི་ཙམ་འདུ་འཛོམས་ཐོག་རྒྱ་གར་གཞུང་ལ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་ཞིག་བྱས་ཡོད་ཅིང་།ཐེངས་འདིར་ངོ་རྒོལ་བྱེད་དོན་ནི་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བཙན་བྱོལ་དུ་ཕེབས་ཏེ་མི་ལོ་ཧྲིལ་པོ་༡༠ ལྷག་ཕྱིན་ཀྱང་ད་དུང་ཡང་རང་གི་གདན་སར་ཕེབས་ཐུབ་ཀྱི་མེད་སྟབས། མང་ཚོགས་ཀྱིས་དང་བླངས་ཐོག་ཀརྨ་མཆོག་འབྲས་ལྗོངས་རུམ་བཏེགས་དགོན་དུ་གདན་ཞུས་ཀྱིས་ཁྲི་འདོན་དགོས་པའི་འབོད་སྐུལ་ཞུས་པ་ཞིག་རེད།
ཉིན་དེར་གོ་སྒྲིག་ཚོགས་ཆུང་གིས་འབྲས་ལྗོངས་མངའ་སྡེ་བློན་ཆེན་གྱི་མཚན་ཐོག་ལ་ཞུ་ཡིག་ཅིག་ཕུལ་པའི་ནང་དུ།མངའ་སྡེ་གཞུང་གི་སྐུ་ཚབ་ཚོགས་པ་ཞིག་སྲིད་བློན་དང་མཇལ་འཕྲད་ཀྱིས་ཕྱི་ལོ་༢༠༡༡ལོར་ཀརྨ་མཆོག་རུམ་བཏེགས་དགོན་དུ་གདན་འདྲེན་ཞུ་དགོས་ཞེས་བཀོད་ཡོད།ད་ཆར་ཀརྨ་པ་མཆོག་ངྷ་ས་བཞུགས་སྒར་ཉེ་འགྲམ་ཁུལ་གྱི་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཡོད་ལ།སྐུ་ཕྲེང་སྔོན་མའི་གདུལ་བྱ་གཙོ་བོ་ནི་ཨ་རི་དང་འབྲས་ལྗོངས།ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཡོད་འདུག
 
གསར་འགོད་པ།དཔལ་ལྡན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “ཀརྨ་པ་ཕེབས་འཇུག་རོགས།

  1. འབྲོང་སར་ཚེ་ཉི།

    བཀའ་བརྒྱུད་བསྟན་པ་རྒྱ་མཚོའི་རྩ་བའི་རྩེ་མོ་གཙུག་གི་ནོར་བུ་༧རྒྱལ་དབང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་གང་ཉིད། རྗེ་གོང་མའི་བཞུགསགནས་འོག་མིན་ས་ལ་སྤྱོད་པའི་གདན་ས་ཆེན་མོ་༧ཀརྨའི་སྒར་ཆེན་རུམ་བཏེགས་བཤད་སྒྲུབ་ཆོས་འཁོར་གླིང་དུ་ ཞབས་སོར་འཁོད་ནས་ཟབ་རྒྱས་ཆོས་ཀྱི་དབྱར་རྔ་གོ་ལ་ཧྲིལ་པོའི་ཁྱོན་ཀུན་དུ་རྒྱས་པའི་སྨོན་འདུན་རྕེ་གཅིག་ཏུ་ཞུ་ཞུ།