ནོ་བྷེལ་གཟེངས་རྟགས་སྤྲོད་མི་ཆོག

 
ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་རྒྱ་རིགས་ལིའུ་ཞའོ་པོ་ལ་སྤྲད་ཚེ་ཡུལ་གཉིས་ཀྱི་མཐུན་སྒྲིལ་ལ་གནོད་པ་ཚབས་ཆེན་ཐེབས་གི་རེད་ཟེར།
ཕྱི་ཚེས་ ༢༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆེད་ཕྱག་ལས་གནང་མཁན་ལ་ཆེ་བསྟོད་དང་ངོས་འཛིན་གྱིས་ལོ་ལྟར་གཟེངས་རྟགས་རེ་འབུལ་སྲོལ་ཡོད་པ་བཞིན།འདི་ལོའི་གཟེངས་རྟགས་ཐོབ་མཁན་དེ་ཕྱི་ཟླ་ ༡༠ པའི་ཚེས་ ཉིན་ཡོངས་ཁྱབ་ཐོག་གསལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།
ཡིན་ནའང་། རྒྱ་ནག་ཕྱི་སྲིད་དྲུང་ཆེ་གཞོན་པ་ཧྥུའུ་ལིན་གྱིས་ཁ་སྔོན་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ལོན་ཊི་ཁོག་སི་ཊ་མཆོག་དང་ཐུག་འཕྲད་སྐབས། གལ་སྲིད་འདི་ལོའི་ཞི་བདེའི་གཟེངས་རྟགས་དེ་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཞའོ་པོ་ལ་སྤྲད་ཚེ།ཡུལ་གཉིས་ཀྱི་ཚོང་དོན་དང་མཐུན་སྒྲིལ་ལ་གནོད་པ་ཚབས་ཆེན་ཐེབས་ཀྱི་རེད་ཅེས་བཤད་འདུག་མོད།  ཚོགས་གཙོས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་རྒྱ་གཞུང་གིས་ཉེན་བརྡ་བཏང་བ་དེས་ང་ཚོའི་གཟེངས་རྟགས་ཚོགས་ཆུང་ལ་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་ཀྱི་མེད་ཅེས་ལན་འདབས་གནང་འདུག
རྩོམ་པ་པོ་ལིའུ་ཞའོ་པོ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་གཙོས་རྒྱ་ནག་གི་མཁས་པ་དང་ཁྲིམས་རྩོད་པ་ ༡༠༠ལྷག་གིས་ཐུན་མོང་ཐོག་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་ལ་ཞུ་ཡིག་ཅིག་ཕུལ་ཏེ། འདི་ལོའི་ཞི་བདེའི་གཟེངས་རྟགས་དེ་བཞིན་བཞིན་རྒྱ་རིགས་རྩོམ་པ་པོ་ལིའུ་ཞའོ་པོ་ལ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད།  སྐུ་ཞབས་ལིའུ་ཞའོ་པོ་ནི་པེ་ཅིང་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཁོང་ནི་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཞིག་དང་ཐོག་མཐའ་བར་གསུམ་དུ་རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་སྟབས་རྒྱ་གཞུང་གིས་ཁོང་ལ་ལོ་༡༡གི་ཁྲིམས་ཐག་བཅད་ཡོད་འདུག
 
གསར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ནོ་བྷེལ་གཟེངས་རྟགས་སྤྲོད་མི་ཆོག

  1. ཞི་བདེའི་གཟེངས་རྟགས་ཟེར་བ་དེ་རྟ་ལས་ཀླ་མ་མ་གཏོགས་རེག་མི་ཐུབ་པ་ཞིག་མ་རེད་ཅེས་པའི་བསམ་པའི་འོག གཟེངས་རྟགས་དེ་ཆེན་པོ་རྒྱའི་མི་རིགས་ཞིག་ལ་ཐོབ་རྒྱུ་དེ་དགྱ་རིགས་སྦལ་དྲི་ཁ་བ་ཡོད་དོ་ཅོག་གི་རེ་སྨོན་ཀྱང་རེད་ཡ།

  2. ཀརྨ་རྡོ་རྗེ།

    ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་རྒྱ་རིགས་ལིའུ་ཞའོ་པོ་ལགས་ལ་ཐོབ་པའི་རེ་སྨོན་ཞུ།

  3. སྤྲོ་ཚིགས་དགེ་འདུན

    ཕྲུ་གུ་བསམ་མེད་ཞིག་གིས་ཚོད་དུ་བཟུང་ནས་རྫིག་རྫིག་ཞིག་བྱས་འདུག་གཱ།
    རྒྱ་ནག་གིས་འབྲས་རྟགས་བསྟན་ཚུལ་ལ་བསྟས་ན་གཟེངས་རྟགས་འདི་ཁོང་ལ་འབུལ་རྒྱུ་རེད་ཡ

  4. ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱིས་དུས་ཀྱི་སྔ་ཕྱི་མ་གཏོགས་ལིའུ་ཞའོ་པོ་ལ་རྒྱ་ནག་དམངས་གཙོའི་དབུ་འཁྲིད་དང་འཛམ་གླིང་ཞི་བདེའ་གཟེངས་རྟགས་དེ་སྤྲོད་རྒྱུར་གདོན་མི་ཟ།

    གང་ཡིན་ཟེར་ན་ད་ལྟ་རྒྱ་ནག་གི་རྒྱལ་ཁབ་འདི་ཆེས་སྟོབས་ཆེན་གཅིག་ཏུ་འགྱུར་བཞིན་ཡོད་སྟབས། ཨ་རིས་གཙོ་བྱས་ཏེ་རྒྱ་ནག་ཏུ་བརྟན་བརླིང་མེད་པར་གཡས་ནས་དམངས་གཙོ་དགོས། གཡོན་ནས་རང་དབང་དགོས། མདུན་ནས་ཆོས་དད་དགོས། བརྒྱབ་ནས་འདྲ་མཉམ་དགོས། ཞེས་བརྗོད་དེ་ད་ལྟའི་རྒྱ་ནག་འདི་ཁ་ཐོར་དགུ་གཏོར་དུ་གཏོང་རྒྱུའི་དམིགས་འབེན་བཟུང་ཡོད།

    འོན་ཀྱང་གུང་ཁྲན་ཏང་ཟེར་བ་དེ་ནི་མའོ་ཙེ་ཏུང་གི་སྣེ་འཁྲིད་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། ཁོང་ཚོས་རིག་པ་དྭངས་གསལ་དང་། ཀླད་པ་དཀྲུགས་དཀྲུགས་བྱེད་བཞིན་འབྱུང་འགྱུར་མི་ལོ་ ༥༠ ནང་ཚུད་དུ་འཛམ་གླིང་ནང་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཆགས་རྒྱུའི་འཆར་གཞི་དང་ལག་བསྟར་རྒྱུན་འཁྱོངས་བྱེད་བཞིན་ཡོད།

    དེར་བརྟེན་འབྱུང་འགྱུར་མི་ལོ་ ༥༠ ནང་ཚུད་དུ་ལྡོག་ཕྱོགས་ཀྱི་ནུས་པ་ཇི་འདྲ་ཞིག་ཐོན་མིན་དེ་སུས་ཀྱང་བཤད་ཚོད་འཐིབ་དཀའ་བ་ཞིག་རེད། ལར་ནས་དུས་རབས་ཉེར་གཅིག་དེ་དམག་འཁྲུགས་སམ་ཞི་བདེའི་དུས་རབས་ཇི་འདྲ་ཞིག་ཆགས་དེ་ཡང་དེ་བས་ཚོད་བགམ་འཐིབ་དཀའ་བ་ཞིག་རེད།