ད་ལྟ་རིང་འབྱོར་བའི་གནས་ཚུལ་ལྟར་ན། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁོར་མཆོད་འཇོར་ས་གནས་ཀྱི་འོས་སྒོམ་བལ་ཡུལ་དམག་མིས་གཞུང་བཞེས་བཏང་སོང་ཟེར།
དེ་རིང་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ། བཀའ་ཤག་སྐབས་བཅུ་བཞི་བ་དང་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་འདེམས་ཆེན་མོ་མགོ་འཛུགས་བྱས་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་ནས་བལ་ཡུལ་རྒྱལ་ས་ཁུལ་གྱི་བོད་མི་རྣམས་ཟང་ཟིང་ལང་ལོང་གིས་འོས་བསྡུའི་ལས་རིམ་བསྒྲུབས་ཡོད་ཀྱང་། ཉིན་རྒྱབ་ཆུ་ཚོད་ ༤ དང་ཕྱེད་ཙམ་ལ་བལ་ཡུལ་གྱི་དམག་མི་དང་ཉེན་རྟོག་པ་མང་པོ་ཞིག་གློ་བུར་དུ་སླེབས་ཏེ། འཕགས་པ་ཤིང་ཀུན་ས་གནས་ཀྱི་འོས་སྒམ་དང་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ས་གནས་གཉིས་ཀྱི་འོས་སྒམ་རྣམས་བཙན་འཁྱེར་བྱས་ཡོད་འདུག་ལ། གནས་ཚུལ་དེ་བྱུང་མ་ཐག་བལ་ཡུལ་བོད་མི་འདུས་སྡོད་ཀྱི་ས་གནས་གཞན་ཁག་ནས་ཀྱང་འོས་སྒམ་སྦེད་སྐུང་བྱ་དགོས་པའི་ཛ་དྲག་གི་གནས་ཚུལ་བྱུང་ཡོད་འདུག
དེའི་རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟ་མཁོ་སྒྲུབ་བྱེད་བཞིན་པ་ཡིན།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།