རྩེད་འགྲན་པ་ཕྱིར་ཕུད།

ཕྱི་ཚེས་ ཉིན་ལྡི་ལི་རྒྱལ་སྤྱིའི་རྩེད་འགྲན་ནང་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་རྒྱུགས་རྩལ་འགྲན་སྡུར་ཁྲོདརྒྱ་གར་བ་རཱ་ནེ་ཡ་ཌེའོ་ཞེས་པའི་བུད་མེད་ཅིག་གིས་མྱོས་རྫས་ drugs བེད་སྤྱོད་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་རྩེད་འགྲན་ནས་ཕྱིར་ཕུད་བཏང་ཡོད་འདུག

རྩེད་འགྲན་པས་མྱོས་རྫས་བེད་སྤྱོད་བྱེད་པའི་ལུགས་སྲོལ་དེ་ལོ་རབས་བརྒྱད་ཅུ་བའི་ནང་ཤུགས་ཆེན་པོ་ཆགས་ཡོད་ཀྱང་། རྗེས་སུ་རྩེད་འགྲན་པས་བེད་སྤྱོད་བྱ་མི་ཆོག་པའི་སྒྲིག་གཞི་བཟོས་ཏེ། རྩེད་འགྲན་གོ་མ་བཙུགས་གོང་རྩེད་འགྲན་པ་རེ་རེ་བཞིན་མྱོས་རྫས་བེད་སྤྱོད་བྱས་ཡོད་མེད་སྐོར་ལ་བརྟག་དཔྱད་ནན་པོ་བྱེད་ཀྱིན་ཡོད་མོད། ཐེངས་འདིའི་ལྡི་ལི་རྒྱལ་སྤྱིའི་རྩེད་འགྲན་སྐབས། རྒྱ་གར་གྱི་བུ་མོ་རཱ་ནེ་གཅིག་པུ་མ་ཡིན་པར། ཨ་ཧྥི་རི་ཀ་ Nigerian ནས་ཡིན་པའི་རྩེད་འགྲན་པ་གཉིས་ལའང་གནད་དོན་དེ་བྱུང་ཡོད་འདུག

སྤྱིར་རྩེད་འགྲན་པ་ཚོས་མྱོས་རྫས་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱུག་མཆོངས་སོགས་ཀྱི་རྩེད་འགྲན་སྐབས། མྱོས་རྫས་ཀྱི་ནུས་པར་བརྟེན་ཏེ། ཧ་ཅང་དབུགས་ཐག་རིང་བ་དང་ནུས་རྩལ་ནམ་རྒྱུན་ལས་ལྷག་ཅིག་འཐོན་གྱིན་ཡོད་སྟབས། ཁོང་ཅག་གིས་ལྐོག་ནས་མྱོས་རྫས་བེད་སྤྱོད་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “རྩེད་འགྲན་པ་ཕྱིར་ཕུད།

  1. རྡོ་མེ་འབར།

    ང་ཚོ་སློབ་གྲྭའི་ནང་ལ་ཡང་་་་འདི་ལྟར་བེད་སྤྱོད་གཏོང་མཁན་་་མི་ཉུང་པ་ཞིག་་་ཡོད་པས་ཕྱིར་འབུད་བྱ་་་ན་ཕན་ཐོག་མེད་དེ་བས་དགེ་རྒན་ཚོས་་་སློབ་གསོ་རྒྱག་ནས་ཐབས་ཤེས་བྱེད་དགོས་་་