རྒྱ་གར་ལ་ཨང་གཉིས་པ་ཐོབ།

ཉིན་ ༡༡ རིང་གི་ལྡི་ལིའི་རྒྱལ་སྤྱིའི་ལུས་རྩེད་འགྲན་ཚོགས་(CWG ) ཟེར་བ་དེ་ཡོངས་སུ་མཇུག་སྒྲིལ་ཏེ། ཁ་སང་ཕྱི་ཚེས ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ པའི་སྟེང་མཇུག་སྡོམ་མཛད་སྒོ་ཚོགས་ཏེ། རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁའི་ཨང་རིམ་ཡོངས་བསྒྲགས་བྱས་ཡོདཐེངས་འདིའི་རྩེད་འགྲན་ཁྲོད་སྔར་དབྱིན་ཇིའི་དབང་སྒྱུར་འོག་ཚུད་མྱོང་བའི་རྒྱལ་ཡུལ་ལུང་ ༧༢ ཙམ་མཉམ་ཞུགས་ཀྱི་རྩེད་རིགས་འདྲ་མིན་ཁྲོད། ཨང་དང་པོ་ཨོ་སི་ཌི་ལི་ཡར་ཐོབ་སྟེ། གསེར་གྱི་རྟགས་མ་ ༧༤ དང་དངུལ་གྱི་རྟགས་མ་ ༥༥ ། ཟངས་ཀྱི་རྟགས་མ་ ༤༨ བཅས་ཐོབ་ཡོད། ཨང་གཉིས་པ་རྒྱ་གར་ལ་གསེར་གྱི་རྟགས་མ་ ༣༨ དང་དངུལ་གྱི་རྟགས་མ་ ༢༧ ། ཟངས་ཀྱི་རྟགས་མ་ ༣༦ བཅས་ཐོབ་ཡོད། ཨང་གསུམ་པ་དབྱིན་ཡུལ་ལ་གསེར་གྱི་རྟགས་མ་ ༣༧ དང་། དངུལ་གྱི་རྟགས་མ་ ༥༩ ། ཟངས་ཀྱི་རྟགས་མ་ ༤༦ བཅས་ཐོབ་ཡོད་ལ། ཨང་བཞི་བ་ཁེ་ན་ཊ་དང་ཨང་ལྔ་བ་ལྷོ་ཨ་ཧྥི་རི་ཀ་བཅས་ཆགས་ཡོད།   

ཐེངས་འདིའི་ལྡི་ལི་རྒྱལ་སྤྱིའི་རྩེད་འགྲན་དངོས་སུ་མགོ་འཛུགས་བྱུང་བར་རྩེད་ཐང་འཛུགས་སྐྲུན་ལེགས་འགྲུབ་མ་བྱུང་པ་དང་ སྡོད་གནས་ཀྱི་མཐུན་རྐྱེན་འཐུས་ཚང་མ་བྱང་བ། མིང་གྲགས་ཅན་གྱི་རྩེད་འགྲན་པ་ཕྱིར་འཐེན་བྱས་པ་སོགས་ཀྱི་དཀའ་རྙོག་འདྲ་མིན་ཞིག་འཕྲད་ཡོད་རུང་། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་དང་རྒྱ་གར་གཞུང་གཉིས་ངོས་ནས་འབད་བརྩོན་འོག ཉིན་བཅུ་གཅིག་རིང་གི་ལུས་རྩལ་རྣམས་གང་འཚམ་ཚགས་ཚུད་དང་། རྩེད་འགྲན་པ་དང་འཛམ་གླིང་གི་ལྟད་མོ་བ་རྣམས་ཀྱི་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་སྐོར་གསར་ལམ་ཁག་ཏུ་ཐོན་ཡོད།

 

རྒྱལ་སྤྱིའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཧྥེན་ནེལ Mr Fennell ལགས་ཀྱིས། ང་རང་གི་ངོས་ནས་ལྡི་ལི་རྩེད་འགྲན་འདི་བརྒྱུད་དེ། རྒྱ་གར་གྱིས་མ་འོངས་པར་རྩེད་རིགས་འདྲ་མིན་ནང་ནུས་པ་ཆེན་པོ་འདོན་ཐུབ་པའི་རེ་བ་ཞིག་མཐོང་སོང་། ཞེས་དང་། དེ་བཞིན་གསར་ལམ་མང་པོ་ཞིག་གིས་ད་ལོའི་རྩེད་འགྲན་འདིའི་སྔ་གཞུག་ཏུ་ཕྱོགས་ཡོངས་ནས་དགེ་སྐྱོན་རིགས་ཀྱི་གནས་ཚུལ་འདྲ་མིན་འདོན་སྤེལ་བྱས་པར་སྐྱོན་བརྗོད་བྱེད་ཀྱི་མེད། རྩ་བའི་དཀའ་ངལ་རིགས་ཤེས་རྟོགས་ཡོང་བར་བྱ་རྒྱུ་དེ་གལ་ཆེན་པོ་རེད། གནས་ཚུལ་དེའི་རིགས་ཀྱིས་འཕྲད་བཞིན་པའི་དོན་རྐྱེན་དག་ལ་ཞིབ་འཇུག་དང་ལག་བསྟར་བྱེད་ཕྱོགས་ཐད་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་། ཞེས་གསུངས།

རྒྱ་གར་ས་གནས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་སཱོ་རེ་ཤཱུ Mr Suresh ལགས་ཀྱིས་མཇུག་སྡོམ་མཛད་སྒོའི་སྟེང་། རྩེད་འགྲན་པ་སྒེར་སོ་སོར་མཚོན་ན། ཐོབ་ཤོར་གྱི་གནས་ཚུལ་གང་ཡིན་རུང་ད་ལོའི་རྒྱལ་སྤྱི་རང་བཞིན་གྱི་རྩེད་འགྲན་འདི་ལ་ཞུགས་ཐུབ་པ་དེ་མི་ཚེའི་འཕོ་འགྱུར་ཐད་ཀྱི་ཉམས་མྱོང་ཞིག་རེད་ལ། རྒྱ་གར་ལ་མཚོན་ནརྩེད་རིགས་ཕྱོགས་ཀྱི་གོམ་སྟབས་གསར་པ་ཞིག་གོ་བཙུགས་པ་ཡིན་ཞིང་། རྒྱལ་སྤྱིའི་ངོས་ནས་ཀྱང་། རྩེད་རིགས་ཀྱི་གར་སྟེགས་སྟེང་རྒྱ་གར་བའི་གནས་ཚད་གང་འདྲ་ཞིག་ལ་སླེབས་ཡོད་མེད་དངོས་སུ་ར་སྤྲོད་བྱུང་ཡོད། ཅེས་བརྗོད་ཡོད།

རྩེད་འགྲན་འདི་ནི་ལོ་བཞི་རེའི་མཚམས་སུ་འཚོགས་བཞིན་པ་ཞིག་ཡིན་སྟབས། ཕྱི་ལོ་ ༢༠༡༤ ལོའི་རྩེད་འགྲན་དེ་སེ་ཀོ་ལཱན་ཌའི་ Scotland རྒྱལ་ཁབ་ཀྱི་གྲོང་ཁྱེར་གྷེ་ལཱ་སཱུ་ཀའོ་ནང་ཚོགས་གཏན་འཁེལ་ཡོད་སྟབས། ཐེངས་འདིའི་མཇུག་སྡོམ་མཛད་སྒོའི་སྟེང་རྒྱལ་སྤྱིའི་རྩེད་འགྲན་གྱི་དར་ཆ་དེ་སེ་ཀོ་ལཱན་ཌའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ཇཱོན་ལགས་ལ་ཕུལ་ཡོད།

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “རྒྱ་གར་ལ་ཨང་གཉིས་པ་ཐོབ།

  1. ང་ཚོའི་གནས་བདག་རྒྱ་གར་ཚང་ལ་ཨང་གཉིས་པ་ཐོབ་པར་དགའ་ཚོར་བྱུང་།   ངས་རྒྱ་གར་ཚང་གིས་རྩེད་མོ་འདི་གོ་སྒྲིག་ཡག་པོ་ཞིག་བྱེད་ཐུབ་མ་སོང་འདོད་ནས་ཅུང་བློ་ཕམ་བྱུང་།   ཡིན་ན་ཡང་གྲ་སྒྲིག་ཡག་ཐོག་ཞིག་བྱས་འདུག་པས་དགའ་ཀི་ཡོད།

  2. མངའ་རིས་བུ།

    གནས་ཚང་རྒྱ་གར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ེལགས་གྲངས་མེད་ཞུ་བཞིན་ཡོད།
    ལྷག་པར་དུ་རྩེད་འགྲན་གྱི་བྱ་དགའི་ཨང་རིམ་མཐོ་གྲལ་དུ་སླེབ་ཐུབ་པར་དེ་བས་ཀྱང་དགའ་བསུ་ཞུ་འོས་ཡིན།
    མ་འོང་པར་རྒྱ་གར་དུ་ཨོ་ལིམ་པིག་རྩེད་འགྲན་ཀྱང་གྲྭ་སྒྲིག་བྱེད་ཐུབ་པའི་ཡིད་ཆེས་དང་རེ་བ་ཞུ་གི་ཡོད།
    གསར་ལམ་ཁག་སོགས་སུ་ཆབ་སྲིད་ཀྱིས་རྒྱ་གར་དུ་འཚོགས་རྒྱུའི་རྩེད་འགྲན་བྱེད་ཐུབ་མིན་གྱི་སྐོར་ལ་འགོག་རྐྱེན་བཟོ་གྲགས་མང་པོ་བྱས་སོང།
    མཐར་སྲུང་སྐྱོབས་ལས་སོགས་ཁ་དགེ་བཀྲ་ཤིས་པའི་སྟེང་ནས་རྩེད་འགྲན་གྱི་འཇུག་སྡོམ་ཞུས་པར་རྒྱལ་གར་རྒྱལ་གྱུར་ཅིག
    ཇེཧི་ཧིནཱ་