འོད་ཟེར་ལ་བྱ་དགའ་ཐོབ།

 

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བུད་མེད་གསར་འགོད་ཐེབས་རྩ་ཁང་གིས། འདི་ལོའི་གསར་འགོད་ལས་རིགས་ཀྱི་ཆེ་བསྟོད་གཟེངས་རྟགས་དེ་བོད་རིགས་བུད་མེད་ཚེ་རིང་འོད་ཟེར་ཚུད་པའི་རྒྱལ་ཁབ་འདྲ་མིན་གྱི་བུད་མེད་གསུམ་ལ་སྤྲད་ཡོད་ཅིང། ཐེངས་འདིའི་མཛད་སྒོའི་སྟེང་གསར་འགོད་ལས་རིགས་པ་དང་འབྲེལ་ཡོད་ལས་བྱེད་མི་སྣ་བཅས་ཁྱོན་མི་ ༧༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག 

མཛད་སྒོའི་ཐོག་གཟེངས་རྟགས་ཚོགས་ཆུང་དེའི་ཚོགས་གཙོས་བརྗོད་དོན། རྒྱལ་སྤྱིའི་བུད་མེད་གསར་འགོད་ཐེབས་རྩ་ཁང་གི་ངོས་ནས། ལོ་ལྟར་འཛམ་གླིང་ཡུལ་གྲུ་ཁག་ཏུ་རང་གི་དཀའ་ངལ་དང་ཉེན་ཁར་མ་འཛེམས་པར་གནས་ཚུལ་འཚོལ་ཞིབ་དང་གསར་འགོད་གནང་མཁན་བུད་མེད་སྙིང་སྟོབས་ཅན་གསུམ་རེར་ཆེ་བསྟོད་གཟེངས་རྟགས་རེ་འབུལ་སྲོལ་ཡོད་པ་བཞིན། འདི་ལོའི་གཟེངས་རྟགས་དེ་རང་ལོ་ ༤༣ ཙམ་ཡིན་པའི་བོད་རིགས་བུད་མེད་ཚེ་རིང་འོད་ཟེར་ལགས་དང་། ཨ་ཧྥི་རི་ཁ་ཤར་མའི་རྒྱལ་ཁབ་ཀྱི་རང་ལོ་ ༥༣ སོན་པའི་གསར་འགོད་པ་ཝེ་ཁུ་ལགས། དེ་བཞིནཨ་མི་རི་ཁ་ལྷོ་མའི་རྒྱལ་ཁབ་ཀྱི་རང་ལོ་ ༣༩ ཡིན་པའི་ཁེའུ་ལོ་ཊི་ཡ་བཅས་ལ་ཕུལ་བ་ཡིན་ཞེས་དང་། བུད་མེད་འདི་དག་གིས་སོ་སོའི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་འཛིན་བཟུང་བཙོན་འཇུག་བྱས་པར་མ་ཟད། ཁོང་ཚོར་ཚེ་སྲོག་གི་ཉེན་ཁ་ཡང་ཡོད། ཅེས་བརྗོད་ཡོད།

རྒྱ་གཞུང་གིས་འོད་ཟེར་ལ་ཕྱིར་བསྐྱོད་ལག་ཁྱེར་མ་སྤྲད་པའིོ་སྟབས་ཀྱིས་ཁོ་མོ་ཐེངས་འདིའི་མཛད་སྒོར་བཅར་ཐུབ་མེད་ནའང་།  འོད་ཟེར་གྱིས་ཐེངས་འདིའི་མཛད་སྒོའི་ཐོག་ཕུལ་བའི་ཁོང་གི་བརྙན་ཕབ་དུམ་བུ་དེའི་ནང་། བོད་ནང་དུ་ད་ལྟའང་མི་ཆོས་དང་འགལ་བའི་གནས་ཚུལ་རིགས་འདྲ་མིན་འབྱུང་བཞིན་ཡོད་པར་མ་ཟད། རྒྱ་གཞུང་གིས་ཉེས་མེད་གཉོམ་ཆུང་གི་བོད་མི་ཚོ་དྲང་བདེན་མིན་པའི་ཐོག་ནས་མུ་མཐུད་འཛིན་བཟུང་བཙོན་འཇུག་བྱེད་ཀྱིན་ཡོད་ཅེས་དང་།  གུས་མོས་རང་ཉིད་ཀྱི་ནུས་པར་བརྟེན་ནས་གནས་ཚུལ་འདོན་སྤེལ་གྱི་ལས་ཀ་མཇུག་སྐྱོང་གི་ཡིན་ཞེས་བརྗོད་ཡོད་པ་རེད།  

གསར་འགོད་པ། དཔལ་ལྡན།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

10 thoughts on “འོད་ཟེར་ལ་བྱ་དགའ་ཐོབ།

  1. ཁང་མུན་གྲོལ།

    བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཟེངས་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་ཀྱི་ལྷག་བསམ་རྒྱལ་ལོ། ཁྱོད་ཀྱི་སྙིང་སྟོབས་རྒྱལ་ལོ། ཁྱོད་ཀྱི་ཕུག་བསམ་རྒྱལ་ལོ། །

  2. ལི་སྔོ་བུ་

    ཚེ་རིང་འོད་ཟེར་ལ་བཀྲ་ཤིས་བདེ་ལེགས།
    ཁྱེད་ནི་བོད་ཀྱི་བུ་མེད་འཛངས་མ་དངོས་ཏེ་དུས་ནམ་ཡང་ཁྱེད་ལ་བཀྲ་ཤིས་སྨོན་ཚིགས་ཡོད།
    བྱ་བ་ལམ་འགྲོ་ཡང་བར་སྨོན
    འཛངས་མིང་སྐམ་པོ་ཁྱེར་བའི་རྡ་རམ་ས་ལའི་བུད་མེད་དག་ནི་