ཨོ་བྷ་མར་འབོད་སྐུལ།

ཕྱི་ཚེས་ ༢༢ ཉིན་WikiLeaks ཞེས་པའི་དྲ་རྒྱའི་སྟེང་། ཨི་རག་དང་ཨ་རིའི་རྩོད་རྙོག་སྐོར་གྱི་གསང་བའི་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་ཡོད་ཅིང་། ཡིག་ཆ་དེ་ནི་ ༢༠༠༤ ཟླ་ ༡ ནས་ ༢༠༠༩ ཟླ་ ༡༢ བར་ཨ་རིའི་དམག་དཔུང་ཨི་རག་ནང་བསླེབས་རྗེས་ཀྱི་མཐོང་ཐོས་མྱོང་གསུམ་ཕྱོགས་བསྡུས་བྱས་པཞིག་ཡིན་འདུག ཡིག་ཆ་དེའི་ནང་བཀོད་པ་ལྟར་ན། ལོ་དྲུག་གི་ཨ་རི་དང་ཨི་རག་གི་དམག་འཁྲུག་ཁྲོད། ཕྱོགས་གཉིས་ཀྱི་དམག་མི་དང་མི་སེར་དཀྱུས་མ་རྐྱེན་ལམ་དུ་ཕྱིན་པའི་གྲངས་འབོར་ཆིག་འབུམ་དགུ་སྟོང ༡༠༩༠༣༢ ཙམ་ལ་བསླེབས་ཡོད་ཅིང་། དེའི་ཁྲོད་ཀྱི་བརྒྱ་ཆ་ ༦༠ ཙམ་མི་སེར་དཀྱུས་མཡིན་འདུག་ལ། བསྡོམས་རྩིས་བྱས་ན། ལོ་དྲུག་གི་ཟང་འཁྲུག་ཁྲོད་ཉིན་རེར་མི་སེར་དཀྱུས་མ་ ༣༡ རེ་རྐྱེན་ལམ་དུ་ཕྱིན་ཡོད་འདུག  

བྷི་བྷི་སི་གསར་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་ཆུང་གི་འབྲེལ་འཐུད་པ་སྐུ་ཞབས་མཱན་ཧྥི་རེཌ Manfred ལགས་ཀྱི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། ཨི་རག་ནང་གི་འགྲོ་བ་མིའི་ཐོབ་ཐོང་དང་རང་དབང་ལ་རྩིས་མེད་རྡོག་རོལ་བྱེད་པའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་བལྟས་ནཨ་རིའི་གཞུང་གིས་ཞིབ་བཤེར་བྱ་དགོས་པ་དང་། སྲིད་འཛིན་ཨོ་བྷ་མས་ངེས་བར་དུ་འགྲོ་བ་མིའི་ཐོབ་ཐང་ཞིབ་བཤེར་ཚན་ཁག་ཆེད་འཛུགས་ཀྱིས་ཨི་རག་ནང་གཏོང་དགོས་ཀྱི་འདུག ཅེས་འབོད་སྐུལ་ཞུས་འདུག དེ་བཞིན་ཁོང་གིས། ཡིག་ཆ་དེ་དག་བརྒྱུད་ང་ཚོས་ཤེས་རྟོགས་ཐུབ་པ་ནི། ཨ་རིའི་དྲག་ཆས་དམག་དཔུང་ཨི་རག་ཏུ་བསྐྱོད་དེ། ཨི་རག་གཞུང་ལ་སྟངས་འཛིན་བྱས་པའི་བྱ་སྤྱོད་ཚད་ལས་བརྒལ་ཡོད་པ་མ་ཟདདབང་ཤུགས་ཀྱི་ཁ་ཕྱོགས་ཀྱང་ལོག་ལམ་དུ་ཕྱིན་ཡོད་པ་རེད། ཅེས་བརྗོད་འདུག

གོང་གི་གནད་དོན་དེའི་ཐད་དབྱིན་ཡུལ་སྲིད་བློན་ནེ་ཀཱི་ Nick Clegg ལགས་ཀྱིས། ཨི་རག་གི་དམག་འཁྲུག་ནི་ངས་དེ་སྔོན་ནས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་བྱས་ཡོད་ལ། ང་ཚོའི་ངོས་ནས་ཨ་རིའི་གཞུང་ལ་གནད་དོན་འདིའི་ཐད་ག་རེ་བྱ་དགོས་མིན་བསླབ་བྱ་རྒྱག་དགོས་པ་ཞིག་མ་རེད། གནད་དོན་འདིའི་མཇུག་འབྲས་ལ་ཨ་རིའི་གཞུང་རང་ངོས་ནས་ལན་གསལ་བོ་ཞིག་འདེབས་དགོས་པ་རེད། ཅེས་ཨ་རིའི་གཞུང་ལ་མི་འདོད་པའི་རྣམ་འགྱུར་བསྟན་འདུག

གསར་འགོད་པ། བནྡེ་སྐྱབས།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ཨོ་བྷ་མར་འབོད་སྐུལ།

  1. མངའ་རིས་བུ།

    དངོས་གནས་གླིང་འདིར་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་པོ་རེད་དྲན།
    མཉམ་འབྲེལ་རྒྱལ་ཚོགས་ཡིན་ནའང་འདྲ།
    འགྲོ་བ་མི་ཡི་ཐོབ་དང་རང་དབང་རྩོད་མཁན་གྱི་ཚོགས་པ་ཡིན་ནའང་འདྲ།
    གང་ལྟར་རང་ཉིད་ལ་ནུས་པ་མེད་ཚེ་བདེན་པ་རྩོད་ཀྱང་ཐོབ་རྒྱུ་དཀའ།
    མི་སེར་སྐྱུས་མ་ཇི་ཙམ་ཞིག་བསད་ཡོད་དམ།
    ཐོག་མའི་དམིགས་ཡུལ་དམག་རྒྱག་དགོས་པའི་རྒྱུ་མཚན་དང་བར་དུ་དམག་རྒྱག་དགོས་པའི་རྒྱུ་མཚན་སོགས་མགོ་གཞུག་མི་མཐུན་པའི་སྐད་ཆ་བཤད་པ་དང་ལས་ཀ་ལས་ཀྱང་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཤིན་ཏུ་དཀོན།
    བུ་རང་ཉིད་ཀྱིས་མ་འཇོན་ན།
    སུས་ཀྱང་རྒྱབ་སྐྱོར་བྱེད་མི་དཀོན་པ་འདི་དག་མཐོང་ཚེ་ཡིད་ཤིན་ཏུ་སྐྱོ།