ཨ་རིའི་འོས་བསྡུ་དང་ཐུཊ་གསོའི་འཚམས་ཞུ།

ཉིན་འདི་འགར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༡༠ ལོའི་བར་མའི་འོས་འདེམས་དེ་གནང་གིན་ཡོད་པ་ལྟར། ཐེངས་འདིའི་གྲོས་ཚོགས་འོག་མའི་འོས་ཁྲོད་དམངས་གཙོ་ཚོགས་པར་ཕམ་ཉེས་བྱུང་སྟེ། གྲོས་ཚོགས་ཀྱི་ཚོགས་གཙོ་ལྕ་སྐུ་ནན་སེ་པེ་ལོ་སི་ Nancy Pelosi ཡི་ཞབས་སྟེགས་ཤོར་ཡོད་ཅིང་། དེ་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཚན་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་པའི་ནང་། ད་རེབ་ཀྱི་ཨ་རིའི་འོས་བསྡུའི་གྲུབ་འབྲས་དེ་ནི། མཐའ་མའི་འབྲས་བུ་ཞིག་ལ་ཁྱེད་ཀྱིས་དགོངས་པ་བཞེས་ཀྱི་མེད་པར་ཡིད་ཆེས་བྱེད་ཀྱིན་ཡོད། འོས་བསྡུའི་གྲུབ་འབྲས་དེ་ནི་ཨ་རིའི་མི་དམངས་ཀྱི་རྒྱལ་ཁ་ཡིན་པ་མ་ཟད། ཨ་རིའི་དམངས་གཙོའི་ཁྱད་ཆོས་ཀྱང་མཚོན་ཐུབ་ཀྱི་ཡོད།

ཁྱེད་ཀྱིས་ད་བར་ཨ་རིའི་མི་མང་ལ་གཟེངས་སུ་ཐོན་པའི་སྲི་ཞུ་བསྒྲུབས་པའི་ཐད་ང་ཚོས་ལྷག་བསམ་རྣམ་དག་གིས་ཡིད་རངས་དང་བསྔགས་བརྗོད་ཞུ་རྒྱུ་དང་། གོ་སྐབས་འདི་དང་བསྟུན་ཏེ། ཁྱེད་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་དགོངས་གཞི་ལ་རྒྱབ་སྐྱོར་གནང་བ་དང་། བོད་ཀྱི་གནད་དོན་ཐོག་བོད་མི་ཚོར་རྒྱབ་སྐྱོར་མཚོན་ཆེད་ ༢༠༠༨ ལོར་བཞུགས་སྒར་ངྷ་རམ་ས་ལར་ཆེད་ཕེབས་གནང་བ་ང་ཚོའི་སེམས་སུ་གསལ་བོར་ཡོད། དེར་བརྟེན། ཁྱེད་ཀྱིས་བོད་དོན་ཐོག ལྷད་མེད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

 

ཐེངས་འདིའི་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ནང་། འབྱུང་འགྱུར་གྲོས་ཚོགས་ཀྱི་ཚོགས་མི་གསར་པ་ཁག་འོས་འདེམས་གནང་རྒྱུ་ཡིན་ཞིང་། སྲིད་འཛིན་ཨོ་བྷ་མའི་དམངས་གཙོ་ཚོགས་པར་ཐེངས་འདིེའི་འོས་བསྡུའི་ཁྲོད་མང་ཚོགས་ཀྱིས་དེ་ཙམ་རྒྱབ་སྐྱོར་ཐོབ་མེད་པར་མང་མོས་འཐོབ་དཀའ་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། གྲོས་ཚོགས་འཐུས་མིའི་ཁྲོད་ཨོ་བྷ་མར་རྒྱབ་སྐྱོར་ཤུགས་ཆེན་བྱུང་ཡོད་ཅིང་། ཐེངས་འདིའི་འོས་བསྡུའི་ཁྲོད་གྲོས་ཚོགས་འོག་མའི་ནང་འཐུས་མི་ ༤༣༥  ཡོད་པ་ལས་གྲོས་ཚོགས་གོང་མའི་འཐུས་མི་ ༡༠༠ ནས་ ༣༧ ཙམ་འོས་འདེམས་གནང་འཆར་ཡོད

 

ཨ་རིའི་མངའ་སྡེ་ཁག་ ༥༠ ནས་འཐུས་མི་ ༣༧ ཙམ་འོས་འདེམས་གནང་རྒྱུ་ཡིན་འདུག དེར་བརྟེན། ད་ལྟའི་སྤྱི་མཐུན་ཚོགས་པས་མུ་མཐུད་གཞུང་འཛིན་རྒྱུར་གྲོས་ཚོགས་ཀྱི་འཐུས་མི་གྲངས་ ༣༩ ཐོབ་དགོས་ཤིང་། ད་ལྟའི་ཆར་སྤྱི་མཐུན་ཚོགས་པར་གྲོས་ཚོགས་གོང་མའི་འཐུས་མི་ ༤༦ དང་ གྲོས་ཚོགས་འོག་མའི་འཐུས་མི་ ༢༣༩  ཡི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དམངས་གཙོ་ཚོགས་པར་གྲོས་ཚོགས་གོང་མའི་འཐུས་མི་ ༥༢ དང་གྲོས་ཚོགས་འོག་མའི་འཐུས་མི་ ༡༨༥ ལས་ཐོབ་མེད།

ཨ་རིའི་མི་དམངས་ཀྱི་མཐོང་ཚུལ་དུ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་མེད་པ་དང་། ལས་མེད་བརྒྱ་ཆ་བཅུ་ལྷག་ལ་བསླེབས་ཡོད་པ། དེ་བཞིན་ཐེངས་འདིའི་འོས་བསྡུའི་སྐབས་གྲོས་ཚོགས་འོག་མའི་ནང་ཨོ་བྷ་མར་རྒྱབ་སྐྱོར་ཐོབ་མེད་པ་བཅས་ནི། ཨོ་བྷ་མ་སྲིད་འཛིན་དུ་བསྡ་ནས་ལོ་ ༢ ཡི་ནང་གི་ཞན་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད། ཉིས་སྟོང་བཅུ་གཅིག་ལོའི་ཨ་རིའི་སྲིད་འཛིན་གྱི་སྲིད་སྟེགས་དེ་སྔ་ལོའི་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་གྱི་འོས་མི་ལྕམ་སཱ་ར་པ་ལཱེན Sarah Palin ལགས་ལ་འཐོབ་རྒྱུར་རེ་བ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

14 thoughts on “ཨ་རིའི་འོས་བསྡུ་དང་ཐུཊ་གསོའི་འཚམས་ཞུ།

  1. ཁྲི་བྱང་རིན་པོ་ཆེ

    ངའི་ལྟ་ཚུལ་ཡིན་ན་ ནན་སེ་པེ་ལོ་སི་ Nancy Pelosi ཡི་ཞབས་སྟེགས་ཤོར་བ་ཡག་པོ་བྱུང་འདུག གང་ཡིན་ཟེར་ན་ ཁོང་གིས་༧་གོང་ས་མཆོག་སྐུ་སྒེར་གིས་བསམས་ཚུལ་ལ་རྒྱབ་སྐྱོར་བྱེད་པ་ལས་བོད་མི་མང་གི་བདེ་སྡུག་གཟིགས་པ་གོ་མྱོང་ སྤྱིར་བཏང་ཁོང་འགྲོ་བ་མིའི་ཐོབ་བཏང་ཕྱོགས་ལ་བསམ་བློ་གཏང་ཟེར་བ་དེ་ཡང་རྫུན་མ་རེད།། ཁོང་སྤྲེལ་ལད་འཕྲབ་མཁན་མཁས་པ་ཞིག་རེད་ཡིན་ན་ཡང་ད་ཐེངས་ཁོང་ལམ་ལ་འགྲོ་མ་སོང་།།

  2. ལྕམ་ནན་སིས་པེ་ལོ་སིས་མཆོག་ནི་རང་རེའི་བོད་མི་ཡོངས་ལ་ཐུགས་བརྩེའི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས་ཁོང་མོའི་བཀའ་དྲིན་ནམ་ཡང་བརྗོད་མི་སྲིད།