གཞུང་འབྲེལ་གྱི་དྲ་འབུ།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་བའི་སྐབས་འདིར། འབར་མའི་དྲ་ཚིགས་ཁག་ལ་དྲ་འབུ computer virus མང་པོ་འཛུལ་ཏེ་གཏོར་རྒོལ་ཚབས་ཆེན་ཐེབས་ཀྱི་ཡོད་པ་དང་། དྲ་འབུའི་གནོད་འཚེ་འདི་ཕྱི་ཟླ ༡༠ ཚེས་ ༢༥ ཙམ་ནས་བྱུང་ཡོད་ཅིང་། འོས་བསྡུ་སླེབ་ལ་ཉེ་པའི་ཉིན་འདི་འག་དྲ་འབུའི་གཏོར་རྒོལ་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟ་སྤྱི་སྤྱོད་དྲ་ཁང་དང་སྒེར་གྱི་གློག་ཀློད་མང་ཆེ་བའི་ནང་གི་ཡིག་ཆ་ཁག་ཁ་འབྱེད་མི་ཐུབ་པ་ཆགས་ཡོད་འདུག གློག་ཀླད་ཆེད་མཁས་པ་དང་དཔྱད་ཞིབ་པ་དག་གིས་དྲ་འབུ་དེ་དག་གཏོང་མཁན་གྱི་གཏེ་བོ་སུ་ཡིན་ངོས་འཛིན་གསལ་བོ་ཐུབ་ཀྱི་མེད་ཀྱང་། དོན་རྐྱེན་འདིའི་རྒྱབ་ན་ད་ལྟའི་འབར་མ་གཞུང་གི་ངན་བྱུས་ཡོད་སྐོར་དང་། འབར་མའི་དངོས་གཞིའི་འོས་བསྡུའི་སྐབསགནས་ཚུལ་ཕྱི་མི་ཤོར་བའི་ཆེད་བཟོས་སྲིད་ཇུས་ཤིག་ཡིན་སྐོར་རྗོད་ཀྱི་ཡོད།

 

ཕྱི་ཚེས་ ཀྱི་འབར་མའི་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། དེ་ནི་ལོ་ ༢༠ རྗེས་སུ་བསྐྱར་དུ་ཐེངས་དང་པོར་དམངས་གཙོའི་འོས་བསྡུ་གོ་འཛུགས་བྱས་པ་ཞིག་ཡིན་འདུག དེ་སྔོན་ཕྱི་ལོ་ ༡༩༩༠ ལོར་རྒྱལ་ཡོངས་འོས་བསྡུ་ཞིག་བྱས་པའི་ཁྲོདད་ལྟ་བཟང་བཙོ་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལྕམ་ཨིང་སན་སོ་ཀེ་ཡི་རྒྱལ་ཡོངས་དམངས་གཙོ་ཐུན་ཚོགས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། དམག་འཛིན་སྲིད་དཞུང་གིས་སྐབས་དེའི་འོས་བསྡུ་རྩིས་མེད་ཀྱིས་རྒྱལ་ཡོངས་དམངས་གཙོ་ཐུན་ཚོགས་ལ་དབང་འཛིན་གྱི་ལས་གནས་སྤྲད་མེད།

ཐེངས་འདིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་འོས་གཞིར་འཛུལ་ཞུགས་ཀྱིས་སྲིད་དབང་རྩོད་ལེན་བྱེད་པའི་ཆབ་སྲིད་ཚོགས་པ་གྲངས་ ༣༧ ཡོད་ཅིང་། དེ་དག་གི་འོས་མི་ ༣༠༠༠ ལས་གསུམ་ཆའི་གཉིས་ད་ལྟའི་དམག་འཛིན་ཚོགས་པའི་ཕྱོགས་གཏོགས་ཆགས་ཡོད་ཅིང་། ཚེས་ ཉིན་དངོས་སུ་འོས་ཤོག་འཕེན་རྒྱུར་ཆ་རྐྱེན་ཚང་པའི་མང་ཚོགས་ས་ཡ ༢༩ ལྷག་གིས་དེབ་སྐྱེལ་ཐོ་འགོད་བྱས་ཟིན་འདུག་ཀྱང་། གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་མང་ཚོགས་ས་ཡ་ ༡་༥ ཙམ་གྱི་འོས་འཕེན་ཐོབ་ཐང་ཕྱིར་བསྡུ་བྱས་ཡོད་འདུག རྒྱུ་མཚན་ནི། ས་ཁུལ་དེ་དག་ཏུ་དངོས་གཞིའི་འོས་བསྡུ་ལག་བསྟར་བྱ་རྒྱུར་ཉེན་ཁ་ཆེ་སྐོར་བརྗོད་འདུག་ལ། ཐེངས་འདིའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ལ་ཕྱི་ཕྱོགས་ཀྱི་བལྟ་ཞིབ་པ་དང་གསར་འགོད་པ་ཚོའི་ཐོག་ལ་དམ་དྲག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “གཞུང་འབྲེལ་གྱི་དྲ་འབུ།