ལྷོ་བྱང་ཀོ་རེ་ཡའི་བར་དམག་འཁྲུག་ཞིག་མགོ་བརྩམས་འདུག

 

དེ་རིང་ཉིན་གུང་བྱང་ཀོ་རེ་ཡ་དང་ལྷོ་ཀོ་རེ་ཡ་གཉིས་བར་མཚོ་གླིང་རྩོད་རྙོག་གི་དམག་འཁྲུག་ཆེན་པོ་ཞིག་མགོ་བརྩམས་ཏེ། མི་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ དང་སྐར་མ་ ༣༤  སྟེང་བྱང་ཀོ་རེ་ཡས་དེང་རབས་ཀྱི་མེ་སྒྱོགས་ ༢༠༠ ལྷག་ལྷོ་ཀོ་རེ་འི་མཚོ་གླིང་ཡཱེན་ཕེ་ཡོན་ Yeonpyeong Island ཞེས་པའི་སྟེང་བརྒྱབ་ཡོད་འདུག་ལ། དེ་མུར་ལྷོ་ཀོ་རེ་ཡིས་ཀྱང་སྒྱོགས་མདེལ་འཕེན་མགོ་བརྩམས་ཡོད་པ་དང་། ད་ལྟ་ཕྱོགས་གཉིས་ཀའི་ངོས་ནས་མཚོ་ཐོག་དང་མཁའ་ཐོག སྐམ་ས་བཅས་ནས་རྒྱབ་རོགས་ཀྱི་དམག་དཔུང་ཕོན་ཆེན་དང་། དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་གྲ་སྒྲིག་གི་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག 

ནམ་རྒྱུན་རྩོད་རྙོག་ཅན་གྱི་མཚོ་གླིང་དེར་སྡོད་མཁན་མི་སེར་ ༡༢༠༠ ནས་ ༡༣༠༠ བར་ཡོད་སྐོར་བསྒྲགས་འདུག་ཀྱང་། ད་སྔ་ཁོ་ཚོའི་ཁང་ཁྱིམ་ལ་གཏོར་སྐྱོན་དང་མི་མང་པོ་ཤི་རྨས་ཐེབས་ཚུལ་གྱི་གནས་ཚུལ་རོབ་བཤད་ཙམ་ལས་གྲངས་ཚད་ཁ་གསལ་ཐོན་མི་འདུག མཚོ་གླིང་གི་གཡས་གཡོན་གང་སར་དུ་བ་དང་ས་རྡུལ་གྱིས་ཁེངས་པའི་ཁྲོད་ཕྱོགས་ངོས་གཉིས་ཀྱི་མཚོ་གྲུ་མང་པོ་ཞིག་ཀྱང་གཏོར་སྐྱོན་བཏང་ཡོད་པ་མ་ཟད། གྲུ་ཐོག་གི་དམག་མིར་ཤི་རྨས་ཚབས་ཆེན་བྱུང་ཡོད་འདུག ལྷོ་ཀོ་རེ་ཡའི་སྲིད་འཛིན་ལཱེ་མེའོན་ Lee Myung Bak གྱིས་གང་མགྱོགས་ཛ་དྲག་ཚོགས་ཆེན་བསྡུས་ཏེ། དམག་འཁྲུག་ཚོད་འཛིན་དང་དོན་རྐྱེན་སྔོན་འགོག་སྐོར་ལ་ཐག་གཅོད་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

19 thoughts on “ལྷོ་བྱང་ཀོ་རེ་ཡའི་བར་དམག་འཁྲུག་ཞིག་མགོ་བརྩམས་འདུག

  1. ཨ་་་་་་ང་ཚོ་ལ་ཡང་འདི་ལྟ་བུའི་དམག་ཆས་ཞིག་ཡོད་ན་ཅི་མ་རུང་། རེད་ཡ་ཡང་མི་ཤི་དོན་རྐྱེན་མང་པོ་ཞིག་བྱུང་ནའང་། ཨོྃ་མ་ནི་པདྨེ་ཧཱུ། ཨོྃ་མ་ནི་པདྨེ་ཧཱུ ། ཨོྃ་མ་ནི་པདྨེ་ཧཱུ།
    ཧེ་་་་་་ ད་བསམ་བློ་མང་པོ་མ་བཏང་ན་བཟང་།

  2. དམག་འཁྲུག་འདི་ངོ་མ་ཛ་དྲག་རེད། ཨ་རི་དང་རྒྱ་ནག་སོགས་རྒྱལ་ཁབ་དུ་མ་ཞིག་ལྷོ་བྱང་ཀོ་རེ་ཡ་སོ་སོའི་རྒྱབ་ཏུ་ལངས་ཀྱིན་འདུག