གསང་བ་ཕྱི་ཤོར་ལ་དགོངས་དག་ཞུས།

 

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལཱི་རེ་ཁི་ལེན་ཊོན་ Hillary Clinton གྱིས་ཨབ་གྷན་དང་པ་ཀི་སི་ཐན་གྱི་སྲིད་འཛིན་གཙོས་རྒྱལ་སྤྱིའི་མགོ་ཁྲིད་མི་སྣ་བཅུ་གཉིས་ལ། ཉེ་ཆར་ཝེ་ཀེ་ལེ་ཀུསུ་ wikileaks ཞེས་པ་བརྒྱུད་ཨ་རིའི་ཕྱི་འབྲེལ་གསང་པའི་ཡིག་ཆ་མང་པོ་ཞིག་ཕྱི་ཤོར་བའི་ཐད་དགོངས་དག་ཞུས་འདུག

ཨ་རིའི་གཞུང་གི་ཕྱི་སྲིད་མགྲིན་ཚབ་པ་སྐུ་ཞབས་ཁུརོ་ལེ་ PJ Croley ཡིས་བརྗོད་རྒྱུར། ཧི་ལཱི་རེ་ཡིས་པ་ཀི་སི་ཐན་དང་ཨར་ཇེན་ཌི་ན་གཉིས་ཀྱི་སྲིད་འཛིན་ཚོར། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་ལམ་ལས་དོན་ནི་ཧ་ཅིང་གལ་ཆེན་པོ་ཡིན་པ་དང་། ཐེངས་འདིའི་གཞུང་འབྲེལ་གྱི་གསང་བའི་གློག་འཕྲིན་ཡིག་ཆཕྱིར་ཤོར་པ་ལ་བློ་འགྱོད་ཡོད་ཚུལ་བརྗོད་སོང་ཟེར།

ཧི་ལཱི་རེ་ཡིས་མུ་མཐུད་དུ། ཝེ་ཀེ་ལེཀུསུ་ཡིས་བྱེད་སྟངས་འདིས་ཨ་རི་ལ་གནོད་འཚེ་བཏང་བ་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནོད་སྐྱོན་བཏང་བ་ཞིག་ཡིན་ཞེས་དང་། རེ་གཟའ་པ་སངས་ཉིན་མོས་རྒྱ་ནག་དང་། འཇར་མན། ཧྥ་རན་སི། དབྱིན་ཇི། ཨ་རབ། ཨབ་གྷན་སོགས་ཀྱི་ནང་གི་མགོ་ཁྲིད་མི་སྣ་ཚོར་འགྱོད་སེམས་ཀྱིི་རྣམ་པ་དང་དགོངས་དག་ཞུས་འདུག

གཟའ་པ་སངས་ཉིན་ཧི་ལཱི་རེ་ཡིས་བྷ་རན་གྲོ་ཁྱེར་གྱི་སློབ་ཕྲུག་ཚོར་གཏམ་བཤད་ཅིག་གནང་སྐབས། ང་ཕལ་ཆེར་ཨ་རིའི་སྲིད་གཞུང་གི་གོ་གནས་འདི་མཐའ་མ་ཡིན་རྒྱུ་རེད། རྗེས་ཕྱོགས་སྲིད་འཛིན་དང་དེ་མིན་གཞུང་ལས་མི་སྣའི་རྐུབ་སྟེགས་གང་ལའང་རྩོད་ལེན་བྱ་འདོད་མེད། དེ་ལས་བུད་མེད་ཀྱི་ལས་དོན་སྐོར་ལ་ལས་ཀ་བྱ་རྩིས་ཡོད། ཅེས་བརྗོད་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply