ཉི་ཧོང་དུ་ངོ་རྒོལ།

 

ཉི་ཧོང་བོད་རིགས་མཐུན་ཚོཊ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༤ ཉིན་བོད་པ་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་ ༨༠ ཙམ་གྱིས། ཉི་ཧོང་རྒྱལ་ས་ཊོག་ཀྱོའི་རུ་རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་མི་དམར་གསོད་གཏོང་བཞིན་པར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། སྐབས་དེར་ཉི་ཧོང་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཀི་ནོ་སའི་ཤུ་ Makino Seishu ལགས་དང་། རྒྱལ་ས་ཊོག་ཀྱོའི་སྲིད་སྐྱོང་སྐུ་ཞབས་ཨི་ཤི་ཧ་ར་ཤིན་ཏཱ་རོ་  Ishihara Shintaro གཉིས་ཀྱིས། བོད་ཀྱི་གནད་དོན་ནི་དྲང་བདེན་ཞིག་ཡིན་སྟབས་ང་ཚོས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རེག་རྒྱུར་ང་ཚོས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། དེ་བཞིན་ཉི་ཧོང་བཙུན་པ་ཝ་ཁོ་མེ་ Wakaomi ལགས་ཀྱིས་ཀྱང་ཉི་ཧོང་གི་དགེ་འདུན་པའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ། ཉི་ཧོང་མི་དམངས་ཀྱིས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲང་བདེན་མིན་པའི་སྲིད་བྱུས་འཛམ་གླིང་མི་མང་ལ་གསལ་སྟོན་བྱ་དགོས་པ་མ་ཟད། ཉི་ཧོང་གཞུང་གིས་བོད་ཀྱི་གནད་དོན་དེ་སྣང་མེད་དུ་བཞག་ཆོག་གི་མེད། ཅེས་བརྗོད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ཉི་ཧོང་དུ་ངོ་རྒོལ།

  1. གཟི་མིག་༣པ

    གནས་ཚུལ་འདི་ནི་དངོས་ནས་བཟང་ཕྱོགས་ཤིག་རེད་ངས་བོད་ཕྱི་ནང་ཡོངས་ཀྱི་བོད་མིའི་ཚབས་བྱས་ནས་ཉི་ཝོང་གཞུང་དང་ཉི་ཝོང་མི་དམངས་ཡོངས་ལ་ཐུགས་བརྗེ་ཞུ་བཞིན་ཡོད་།
    ད་དུང་ཡང་ངའི་རེ་བར་ཉི་ཝོང་གཞུང་དང་མི་དམངས་ཡོངས་ནས་ཇི་སྲིད་བོད་ཀྱི་བདེན་མཐའ་མ་བསལ་བར་དེ་སྲིད་བར་དུ་མུ་མཐུད་སྔར་ལས་རྒྱབ་བསྐྱོར་ཤུགས་ཆེ་བ་ཡོང་བ་ཅི་ནས་གནང་རོགས་།
    བོད་རྒྱལ་ལོ་།།