ལམ་ལུགས་མཁྲེཊ་པོ།

 

ཁ་སང་ཕྱི་ཚེས་ ཉིན་ཨི་ཛི་རེལ་ནང་གི་རྗེའུ་མི་རིགས་ཡིན་པའི་ཁྲིམས་ལུགས་མཁས་པ་ ༥༠ ཡིས་བསྒྲགས་གཏམ་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་དེཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་འདུག་ལ། ཡིག་ཆ་དེར་རྗེའུ་མི་སུ་ཞིག་ཡིན་རུང་རྗེའུ་མི་རིགས་མ་ཡིན་པ་ཞིག་ལ་ཁང་པ་གཡར་གཏོང་བྱེད་པ་དང་བཙོང་པའི་རིགས་བྱས་ཚེ། མི་དེ་རྗེའུ་མི་རིགས་ཀྱི་ཁོངས་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན། ཞེས་བཀོད་ཡོད་འདུག་ཀྱང་། གཞུང་ཕྱོགས་ནས་དེ་ལ་ངོས་ལེན་མེད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཀྱང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

ཐེངས་འདིར་རྗེའུ་ཁྲིམས་ལུགས་པ་དེ་དག་གིས་བསྒྲགས་གཏམ་དེ་འདྲ་ཞིག་སྤེལ་དོན། རྗེའུ་སྔ་འགྱུར་རྙིང་མའི་བསྟན་བཅོས་ལྔའི་ནང ཨི་ཛི་རེལ་ས་ཆར་མི་རིགས་གཞན་སྡོད་པ་དང་ཁོ་ཚོར་སྡོད་ཁང་བཙོང་བ་བཅས་ནི་རྗེའུ་རིགས་ཀྱི་དགག་བྱ་ཡིན་པར་བསྟན་ཡོད་འདུག དེ་བཞིན། ཐེངས་འདིར་གསར་དུ་བཟོས་པའི་བསྒྲགས་གཏམ་དེའི་ནང་དུ་ཡང་། རྗེའུ་རིགས་གཏན་སྡོད་བྱེད་སའི་ཉེ་འཁོར་ནང་། རྗེའུ་མ་ཡིན་པ་ཚོར་ཁང་གླ་གཏོང་བ་དང་ས་ཆ་བཙོང་པའི་རིགས་བྱས་ན། ཉེ་འཁོར་གྱི་ཁྱིམ་མཚེས་དག་ལ་གནོན་འཚེ་ཆེན་པོ་ཐེབས་ཏེ། རྗེའུ་མི་རིགས་ཀྱི་རིན་ཐང་ཉམ་དམས་སུ་གཏོང་གི་ཡོད་སྟབས་ཉེས་པ་ཚབས་ཆེན་ཡོད་སྐོར་བཀོད་འདུག

ཨི་ཛི་རེལ་རྒྱལ་ཡོངས་འགྲོ་བ་མིའི་རང་དབང་ཐོབ་ཐང་ཚོགས་པས་ཨི་ཛི་རེལ་སྲིད་བློན་བྷན་ཇ་མེན་ Benjamin Netanyahu ལགས་སུ། ཐེངས་འདིར་གཞུང་ཞབས་ཁྲིམས་ལུགས་པ་དེ་ཚོས་མིང་རྟགས་བཀོད་པའི་བསྒྲགས་གཏམ་དེ་ལ། གཞུང་ངོས་ནས་སྒྲིག་གཞི་གཏན་འབེབ་བྱས་ཏེ་བཀག་སྡོམ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། སྲིད་བློན་གྱིས་ཀྱང་ལམ་ལུགས་མཁྲེགས་པོ་དེ་འདྲ་ལག་བསྟར་བྱས་ན། དེང་གི་དུས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་བཏང་བ་རེད། སྐད་ཆ་འདིའི་རིགས་རྗེའུ་མི་རིགས་ཀྱི་སྤྱི་ཚོགས་དང་ལྷག་པར་དུ་མང་གཙོའི་རྒྱལ་ཁབ་ནང་ཁྱབ་བརྡལ་དུ་མ་སོང་བ་བྱ་དགོས། ཞེས་སྐྱོན་བརྗོད་བྱས་འདུག

 

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ལམ་ལུགས་མཁྲེཊ་པོ།

  1. གནས་ཚུལ་དེ་རིགས་ནི་ང་ཚོ་བོད་པ་ཚང་ལ་ཡང་མེད་པ་མ་རེད་ མང་པོ་ཡོད་རེད། ཞུས་ན་ཞུས་ཚར་གི་མ་རེད།