བོད་མི་གཉིས་འཛིན་བཟུང་།

 

བལ་ཡུལ་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཉེ་ཆར་བལ་ཡུལ་ནང་གནས་སྡོད་རང་ལོ་ ༥༢ ཡིན་པ་རྒན་ཐེ་པོ་དཀོན་མཆོག་ཤེས་རབ་ལགས་དང་དགའ་ལྡན་བྱང་རྩེ་སེར་ཀོང་ཁང་ཚན་ནས་ཡིན་པ་རང་ལོ་ ༡༧ ཅན་གྱི་དགེ་འདུན་པ་བསྟན་འཛིན་ཉི་མ་གཉིས་རྒྱ་ག་ནས་བལ་ཡུལ་དུ་ཡོང་བའི་ལམ་ནས། བལ་ཡུལ་ཉེན་རྟོག་པས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སྦིར་གྷན་ཛ་ཟེར་པ་དེ་ནས་འཛིན་བཟུང་བྱས་ཡོད་འདུག

ཁོང་གཉིས་འཛིན་བཟུང་བྱ་དོན། ༧གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་བསླེབ་ལ་ཉེ་བའི་སྐབས་འདིར། བལ་ཡུལ་ནང་བོད་མི་མང་པོ་འདུ་འཛོམས་ཀྱིས་བྱེད་སྐོ་སྣ་ཚོགས་སྤེལ་སྲིད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ། ད་དུང་ཁོང་གཉིས་ལ། ཁྱེད་གཉིས་ཏཱ་ལའི་བླ་མས་བལ་ཡུལ་ནང་བཏང་པ་རེད་ཟེར་བ་སོགས་ཀྱི་གཞི་མེད་ཉེས་འཛུགཏེ། ལག་ལྕགས་བརྒྱབ་སྟེ་ཉེས་རྡུང་ཡང་མང་པོ་བཏང་ཡོད་འདུག

བསྟན་འཛིན་ཉི་མ་ལ་མཚོན་ནཁོང་གི་ཨ་མ་བོད་ནས་རྒྱ་གར་དང་བལ་ཡུལ་ཕྱོགས་སུ་གནས་སྐོར་ལ་ཕེབས་ཀྱིན་ཡོད་པ་དེ་བསུ་བར་བལ་ཡུལ་དུ་འགྲོ་བཞིན་ཡོད་འདུག་ལ། བལ་ཡུལ་ཉེན་རྟོག་པས་རྒན་དཀོན་མཆོག་ཤེས་རབ་ཀྱི་ལག་ཏུ་༧གོང་ས་མཆོག་གི་བཀའ་སློབ་དེབ་ཁ་ཤས་ཡོད་པ་ཕྲོག་འདུག་ལ། ཁོང་གི་རྒྱབ་ཁུག་ནང་ཧིན་སྒོར་སུམ་སྟོང་ ༣༠༠༠ ཞིག་ཡོད་པ་དེ་ཡང་རྐུ་འཁྱེར་བྱས་ཡོད་འདུག

ད་ཆར་བལ་ཡུལ་ཉེན་རྟོག་པས་རྒན་དཀོན་མཆོག་ལ་ཉེས་ཆད་བལ་སྒོར་ལྔ་ཁྲི་ ༥༠༠༠༠ དང་། བསྟན་འཛིན་ཉི་མ་ལ་ཡང་ཉེས་ཆད་བལ་སྒོར་གཉིས་ཁྲི་ལྔ་སྟོང་ ༢༥༠༠༠ ཙམ་འཁྱེར་མ་ཚོང་ཚེ་ཀློད་གྲོལ་གཏོང་རྒྱུ་མིན་སྐོར་བརྗོད་ཡོད་འདུག་སྟབས། རྒན་དཀོན་མཆོག་ཤེས་རབ་ཀྱིས་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་ཚུལ་གསུངས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “བོད་མི་གཉིས་འཛིན་བཟུང་།

  1. རྩོམ་སྒྲིག་པ།

    དྲ་གྲོགས་ཟུངས་ཁྲག་ལགས། གསར་འགོད་པས་རྫུན་བཤད་པ་མ་རེད། གོང་གི་གསར་འགྱུར་དེ་ཞིབ་ཏུ་གློག་དང་། ” ད་ཆར་བལ་ཡུལ་ཉེན་རྟོག་པས་རྒན་དཀོན་མཆོག་ལ་ཉེས་ཆད་བལ་སྒོར་ལྔ་ཁྲི་ ༥༠༠༠༠ དང་། བསྟན་འཛིན་ཉི་མ་ལ་ཡང་ཉེས་ཆད་བལ་སྒོར་གཉིས་ཁྲི་ལྔ་སྟོང་ ༢༥༠༠༠ ཙམ་འཁྱེར་མ་ཚོང་ཚེ་ཀློད་གྲོལ་གཏོང་རྒྱུ་མིན་སྐོར་བརྗོད་ཡོད་འདུག་སྟབས ” ཞེས་བཀོད་ཡོད།

  2. གསར་འགོད་པའི་རྫུན་བཤད་འདུག་བྱང་རྩེ་གྲྭ་བསྟན་འཛིན་ཉི་མ་ལ་བལ་ཡུལ་ཉེན་རྟོག་་པའི་ཉེས་ཆད་སྒོར་༢༥༠༠༠བཅད་ཡོད་སྐོརབརྗོད་མོད་བསྟན་འཛིན་ཉི་མ་ཁོ་རང་གིས་བརྗོད་པ་ལྟར་ན་མཚན་གཅིག་ལས་བཀག་མི་འདུག་པ་མ་ཟད་དངུལ་སྒོར་སོགས་ཀྱི་ཉེས་ཆད་བཅད་པའི་སྐོར་རྗོད་ཀྱི་མི་འདུག

  3. རིགས་བཟང་།

    ད་ང་ཚོས་རང་ཉིད་ཀྱི་གདོང་ལ་སོ་བརྒྱབ་པ་ལས་གཞན་ཅི་ཡང་བྱེད་མི་ཐུབ། རྒྱུ་མཚན་རངཉིད་ལ་ཞིབ་ལྟ་ཐེངས་མང་བྱེད་མི་དགོས། ཐེངས་གཅིག་བྱས་དང་ཁྱོད་ཀྱིས་རྟོག་ངེས་ཡིན།

  4. ཁ་བ་སྐམ་པོ།

    ངོ་མ་བལ་བོར་རྒྱའི་ནད་ཚ་འགོས་ཚར་འདུག་ག
    ན་ནང་རིན་པོ་ཆེའི་པར་གཤེགས་པ་དང་བོད་ཀྱི་རྒྱལ་དར་སྲེག་པ་སོགས་བྱས་པ་རེད་
    ད་ལོར་དེ་ལྟར་བྱེད་ན་ཨ་ཤུ་རེ་གོ་ད་ང་ཚོས་ཅི་བྱེད་དགོས་ནི་རེད་ཡ་སྤུན་ཟླ་ཚོ།