ལྷོ་བྱང་ཀོ་རི་ཡའི་གྲ་སྒྲིག

 

ཟླ་སྔོན་མའི་ནང་བྱང་ཀོ་རེ་ཡས་ལྷོ་ཀོ་རི་མཚོ་གླིང་ཡཱེན་ཕེ་ཡོན་ Yeonpyeong Island ལ་དྲག་རྒོལ་བྱས་པ་ནས་བཟུང་། ཕྱོགས་ངོས་གཉིས་ནས་དམག་འཁྲུག་རྒྱག་རྒྱུར་གྲ་སྒྲིག་བྱས་ཡོད་ཀྱང་། རྒྱལ་ཁབ་མང་པོ་ཞིག་གིས་འབོད་སྐུལ་དང་ཨ་རིའི་གཞུང་ཞིབ་འཇུག་མི་སྣ་ཆེད་གཏོང་བྱས་པ་བཅས་ལ་བརྟེན། དོན་རྐྱེན་ཆེན་པོ་བྱུང་མེད་ཀྱང་།  ཉིན་འགའི་གོང་ནས་ལྷོ་ཀོ་རི་ཡས་མཁའ་དམག་དང་མཚོ་དམག རྐང་དམག་བཅས་ཕྱོགས་གསུམ་ནས་ལོ་རྒྱུས་ཐོག་ཚག་གཞི་ཆེས་མཐོ་བའི་དམག་སྦྱོང་ཞིག་བྱང་ཀོ་རི་ཡའི་ས་འབྲེལ་མཚོ་གླིང་དུ་བྱས་ཡོད་སྟབས། དེ་མ་ཐག་བྱང་ཀོ་རི་ཡསཀྱང་མངོན་གསལ་དོད་པོའི་སྒོ་ནས་དམག་ཤུགས་རྒྱ་སྐྱེད་དང་དྲག་ཆས་མཚོན་ཆ་དྲ་སྒྲིག་གིས་ལྷོ་ཀོ་རི་ཡའི་ཕྱོགས་གསུ་བཏད་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་ཕྱོགས་གཉིས་ནས་དམག་སྦྱོང་གི་རྔ་ཆེན་བརྡུངས་ཞིང་། ཕྱོགས་ཁག་གང་གིས་སྔོན་ལ་ཚུར་རྒོལ་བྱ་རྒྱུར་སྒུག་ཅིང་། ཚུར་རྒོལ་བྱས་མཚམས་དང་བསྟུན་ནས་འཐབ་ལན་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་ཀེམ་ཡཱོང་ཆུན་ Kim Yong Chun གྱིས། གཟའ་ཟླ་བའི་ཉིན་གྱི་ལྷོ་ཀོ་རི་ཡའི་དམག་སྦྱོང་དེ་ནི་རྒྱལ་ཁབ་གཉིས་བར་དམག་འཁྲུག་སློང་གཞི་ཞིག་ཡིན་པ་མ་ཟད། བྱང་ཀོ་རི་ཡར་བཙན་འཛུལ་བྱེད་པའི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད་སྟབས། ད་ལྟ་བྱང་ཀོ་རི་ཡས་དམག་འཁྲུག་རྒྱག་རྒྱུར་གྲ་སྒྲིག་ཆ་ཚང་བྱས་ཟིན་ཡོད་ལ། དམག་འཁྲུག་རྒྱག་དགོས་བྱུང་ཚེ་རྡུལ་ཕྲན་གྱི་སྟོབས་ཤུགས་བེད་སྤྱོད་བྱ་ངེས་ཡིན་ལུགས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “ལྷོ་བྱང་ཀོ་རི་ཡའི་གྲ་སྒྲིག

  1. ཀླུ་ བློ་བསམ།

    ད་ནག་ནར་རོ་དེ་ན་ཟིག་ཡིན་ཟེར་བའི་རྗེས་ལ་འགྲོ་སོང་མོད། ཡིན་ན་འང་ངས་ཉིས་སྟོང་བཅུ་དེ་ཉིས་སྟོང་བཅུ་གཉིས་ལ་ནོར་འདུག དགོངས་དག

  2. ཀླུ་ བློ་བསམ།

    ཨ་གནམ་རྒན་མ། ཁོ་གཉིས་འཁྲུག་རྒྱུ་ཞིག་ཡོད་ན་ད་དེ་དམག་ཆེན་ཐེངས་གསུམ་པ་མིན་ནམ། ཉིས་སྟོང་བཅུ་མ་སླེབས་གོང་ལ། འཇིག་པ་དམར་པོ་ཞིག་ཡོང་ས་རེད། ལྷ་གི་ལག་ལ་མ་སླེབ་གོང་ལ་འདྲེ་གི་དཔེ་རེད།