འགས་གཏོར་དོན་རྐྱེན།

ཕྱི་ཚེས་ ༢༤ ཉིན་ཏེ། ཡེ་ཤུའི་ལོ་གསར་གྱི་སྔ་ནུབ་ཉིན། ནེ་ངྒི་རི་ཡ་ Nigeria རྒྱལ་ཁབ་ཀྱི་པི་ལཱ་ཊུ་མངའ་སྡེའི་གྲོང་ཁྱེར་ཇོ་སི་ Jos ཞེས་པའི་ནང་གི་མི་མང་འདུ་འཛོམ་བྱེད་སའི་ཚོང་རྭ་ཆེན་པོ་གཉིས་ནང་འགད་རྫས་ ཙམ་འགས་གཏོར་གྱི་དོན་རྐྱེན་བྱུང་སྟེ། མི་ ༣༢ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། གཞན་མི་ ༧༤ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག འབར་གས་དེ་ནི་ཡེ་ཤུའི་འཁྲུངས་སྐར་ལ་ཅ་དངོས་ཉོ་བཞིན་པའི་སྐབས་དང་འཁེལ་ཡོད་འདུག

ད་ལྟའི་ཆར་དོན་རྐྱེན་དེའི་འབྱུང་རྐྱེན་སྐོར་གསལ་བོ་ཤེས་རྟོགས་ཐུབ་མེད་ཀྱང་། ས་གནས་དེའི་ཁ་ཆེ་དྲག་སྤྱོད་པའི་ཤོག་ཁག་ཅིག་ལ་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་པ་དང་། ལོ་སྔོན་མར་ཡང་ཉིན་དེ་རང་གི་དགོང་མོར་ཁ་ཆེ་ཆོས་ལུགས་པ་ཁག་ཅིག་གིས་ནེ་ངྒི་རི་ཡའི་བྱང་ཕྱོགས་ས་ཁུལ་གྱི་ཡེ་ཤུའི་ལྷ་ཁ་གསུམ་ལ་གཏོར་རྒོལ་བྱས་ཏེ། ལྷ་ཁང་གཅིག་མེ་བསྲེགས་བཏང་ཞིང་། མི་ ཙམ་རྐྱེན་ལམ་དུ་བཏང་ཡོད་འདུག

དོན་རྐྱེན་དེ་བྱུང་བའི་ཕྱིར་ཉིན་ཡུལ་དེའི་ཁ་ཆེ་དང་ཡེ་ཤུའི་བར་འཁྲུག་འཛིང་ཤོར་ཡོད་འདུག་ལ། ད་ཆར་ཡེ་ཤུ་དང་ཁ་ཆེ་ཆོས་ལུགས་པ་དག་ཕྱོགས་ཁག་གཉིས་སུ་གྱེས་ཏེ་ཛ་དྲག་གི་གནས་ཆགས་ཡོད་སྟབས། གྲོང་ཁྱེར་གང་སར་གཞུང་དམག་འགྲེམས་འཇོག་གིས་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་འདུག

ཐེངས་འདིའི་དོན་རྐྱེན་གྱིས་ལོ་རྗེས་མའི་ཕྱི་ཟླ་ བའི་ནང་གི་རྒྱལ་ཡོངས་འོས་བསྡུ་ལའང་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁ་ཆགས་ཡོད་འདུག་ཅིང་། ནེ་ངྒི་རི་ཡའི་སྲིད་འཛིན་ངྒོ་ཌི་ལཱ་ཀུ་ལགས་ཀྱིས། དོན་རྐྱེན་འདི་དང་འབྲེལ་བའི་ཉེས་ཅན་རྩད་གཅོད་བྱས་ཏེ། ཁྲིམས་ཐག་ནན་མོ་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག

དོན་རྐྱེན་འདིའི་ཐད་ཨ་རིའི་གཞུང་ཚབ་ཀྱིས་ནེ་ངྒི་རི་ཡའི་གཞུང་ལ་སྒྲགས་གཏམ་ཞིག་སྤེལ་བའི་ནང་། དྲག་སྤྱོད་ཉེས་ཅན་པར་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱ་རྒྱུ་དང་། དོན་རྐྱེན་བྱུང་བའི་ས་གནས་མི་མང་གི་བདེ་འཇགས་ལ་སྲུང་སྐྱོབ་དང་དོགས་ཟོན་བྱ་དགོས་ཞེས་བརྗོད་ཡོད་འདུག

དེ་བཞིན་ཁ་སང་གཟའ་ཉི་མའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་གྱིསནེ་ངྒི་རི་ཡའི་གཞུང་ལ་བཏང་པའི་ཐུགས་གསོའི་ཡི་གེའི་ནང་། རེས་གཟའ་པ་སང་ཉིན་གྱི་དྲག་སྤྱོད་དོན་རྐྱེན་དེ་གོ་རྗེས་ང་ལ་དངངས་སྐྲག་ཆེན་པོ་བྱུང་སོང་། ནེ་ངྒི་རི་ཡའི་མི་མང་ས་ཡ་མང་པོས་ཆོས་ལུགས་ཀྱི་དུས་ཆེན་སྲུང་གཙི་བྱེད་བཞིན་པའི་སྐབས་འདི་འདྲ་ཞིག་ལམི་སྤྱོད་ལས་འདས་པའི་དོན་རྐྱེན་བཟོ་མཁན་དེ་ཚོར་ཁྲིམས་བཤེར་ནན་པོ་བྱ་དགོས་ལུགས་ཀྱང་བརྗོད་འདུག

 

འགས་གཏོར་དོན་རྐྱེན།

 

འགས་གཏོར་དོན་རྐྱེན།

 འགས་གཏོར་དོན་རྐྱེན།

 

གསར་འགོད་པ། བནྡེ་སྐྱབས།

 

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “འགས་གཏོར་དོན་རྐྱེན།

  1. གཅན་བཟོད་རྒྱམ།

    ཨ་རོད་བནྡེ་སྐྱབས། གསར་འགྱུར་དུས་ཐོག་སྤེལ་བ་ཡག་པོ་འདུག Nigeria འདི་ནེ་རྗི་རེ་ཡ་ཟེར་བ་འདྲ། ནེ་ངྒི་ཟེར་བ་མ་རེད། ངའི་མཆན་བུ་འདི་ཤར་མི་དགོས།