ཨ་རིའི་སྤྱི་འཐུས་བགྲོ་གླེང་།

 

འབྱུང་འགྱུར་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་རེ་གཟའ་སྤེན་པའི་ཉིན། བྱང་ཨ་རིའི་ས་གནས་བྷོ་སི་ཊོན་དུ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་མི་རྣམ་པའི་བགྲོ་གླེང་ཐེང་དང་པོ་དེ་འཚོགས་གཏན་འཁེལ་ཡོད་འདུག་ལ། བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་གྱི་སྤྱི་འཐུས་འོས་མི་ ༥ ཡོད་འདུག

ཐེངས་འདིའི་བགྲོ་གླེང་སྟེང་ཆེད་དུ་གདན་ཞུ་གནང་བའི་སྤྱི་འཐུས་འོས་མི་ལྔའི་སྔོན་འགྲོའི་འོས་གྲངས་ནི། བྱང་ཨ་རིའི་ས་གནས་སིཡ་ཊལ་ནས་བཀྲ་ཤིས་རྣམ་རྒྱལ་ལགས་སུ་འོས་གྲངས་ ༡༠༤༦ དང་། ཁེ་ན་ཌ་ཊོ་རོན་ཊོ་ནས་སྐུ་ཞབས་ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༨༢༦ ས་གནས་ལེའུ་ཡོག་ནས་སྐུ་ཞབས་ཀུན་དགའ་འཕྲིན་ལས་ལགས་སུ་འོས་གྲངས་ ༣༨༤ ཁེ་ན་ཌ་ཁེལ་གྷ་རི་ནས་སྐུ་ཞབས་བཀྲ་ཤིས་ཕུན་ཚོགས་ལགས་སུ་འོས་གྲངས་ ༣༤༣ ཁེ་ན་ཌ་མོན་ཁྲེ་རེལ་ནས་བུ་མོ་བདེ་སྐྱིད་ཆོས་དབྱངས་ལགས་སུ་འོས་གྲངས་ ༣༡༤ བཅས་ཡིན་འདུག 

གཞན། བྱང་ཨ་རི་ས་གནས་མི་ན་སོ་ཊ་ནས་ཨེམ་རྗེ་ཚེ་དབང་དངོས་གྲུབ་ལགས་སུ་འོས་གྲངས་ ༢༠༥ ཡིན་ཞིང་། ཁོང་ཡང་ཐེངས་འདིའི་བགྲོ་གླེང་སྟེང་ཞུགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་དང་། བགྲོ་གླེང་འདིའི་གཙོ་སྐྱོང་བ་སྐུ་ཞབས་པདྨ་ཚེ་དབང་ཤཱསྟྲི་མཆོག་དང་སྤྱི་ཟུར་ནོར་བུ་དར་རྒྱས་ལགསབཅས་ཡིན་འདུག་ལ། བགྲོ་གླེང་དེ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་དྲྭ་རྒྱ་  www.bostontibet.org ཞེས་པ་བརྒྱུད་ཐད་ཀར་རྒྱང་སྲིང་བྱ་འཆར་ཡོད་འདུག 

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

3 thoughts on “ཨ་རིའི་སྤྱི་འཐུས་བགྲོ་གླེང་།

  1. རིགས་པའི་གླེང་བུ།

    བཀའ་སྤྱི་སུ་ཡིན་རུང་ཐོག་མ་རང་ཉིད་འོས་དམིགས་དེར་བཞུགས་དགོས་པའི་དམིགས་ཡུལ་དང་མ་འོངས་པའི་གནང་འཆར་བཅས་མི་མང་ལ་འགྲེལ་བཤད་རྒྱག་པ་སོགས་བྱས་ཚེ་དམངས་གཙོའི་རྣམ་པ་ཞིག་མངོན་གྱི་འདུག་ལ། མ་འོངས་པ་མི་དེར་རེ་བཅོལ་རྒྱག་རན་ཆོག་པ་ལྟ་བུ་རེད།

  2. ཧ་ཅང་ཡག་པོ་འདུག མི་མང་དང་དམིགས་བསལ་གྱི་གཞིས་ཆགས་ཁག་ཏུ་གོ་རྟོགས་སྤེལ་རྒྱུ་གལ་འགངས་ཆེན་པོ་འདུག

  3. ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་ཡོང་སྟངས་དེ་ཡང་བོད་མི་ཨ་རི་དང་ཡོ་རོབ་སོགས་དང་འདྲ་བ་ཞིག་བྱུང་ན་དགེ་མཚན་ཆེ་བ་ཞིག་ཡོང་ངེས། མི་འབོར་གྱི་ཚད་གཞི་དང་བསྟུན་པའི་འཐུས་མི་ཕེབས་ཐུབ་པ་དང་། དམིགས་བསལ་མི་མང་གི་འཐུས་མི་དེ་བཞིན་གཞི་རིམ་མི་མང་གི་འཁྲོད་ནས་སྐྱེས་པ་དང་། ཚར་ལོངས་དང་གོང་འཕེལ་བྱུང་བའི་མི་ཞིག་གྲོས་ཚོགས་སུ་སླེབས་ན། དངོས་ཡོད་ཀྱི་གནས་ཚུལ་ངོ་མ་དེར་འཁྱོལ་བའི་དགེ་མཚན་དུ་མ་ཡོད་པས། མ་འོངས་ང་ཚོས་འདི་ཕྱོགས་ཀྱི་གནད་དོན་ལའང་། ཡང་བསྐྱར་ཨུ་ཚུགས་གསར་པ་ཞིག་བརྒྱག་དགོས་པར་འདུག