༸གོང་ས་མཆོག་གི་འཚམས་འཕྲིན།

 

ཉེ་ཆར་ཨོ་སི་ཊོ་ལི་ཡའི་ནང་བསྟུད་མར་ཆར་བ་བབས་ཏེ། ཁུན་སི་ལན་ཌི (Queensland) མངའ་སྡེ་གཙོས་པའི་གྲོང་ཁྱེར་ཆེ་ཆུང་མང་པོའི་ནང་གི་མི་ ༢༠༠༠༠༠ ལྷག་ལ་གནོད་འཚེ་ཕོག་ཡོད་པ་དེར། འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་བློན་དང་གནད་ཡོད་མི་སྣ་སོགས་ཀྱི་ཐུགས་གསོའི་འཚམས་འཕྲིན་དང་རོགས་སྐྱོར་བྱེད་ཀྱིན་ཡོད་པ་ལྟར། དེ་རིང་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་ཀྱང་ཁུན་སི་ལན་ཌི་ས་གནས་མངའ་སྡེའི་བློན་ཆེན་ཨན་ནཱ་བྷེལ་ཧྤུ་  Anna Bligh ཡི་མཚན་ཐོག་་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་འདུག  

 

འཚམས་འཕྲིན་ནང་བཀོད་དོན། སྐུ་ཉིད་ཀྱི་མངའ་སྡེའི་ས་ཁུལ་ནང་ལོ་མང་རིང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་སྟེ། ཆུ་ལོག་གི་གནོད་སྐྱོན་དེའི་ཁྲོད་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཡིད་སྐྱོའི་གནས་ཚུལ་དེ་དག་ལ་ངོས་རང་བློ་ཕམ་བྱུང། འོན་ཀྱང་ཨོ་སི་ཊོ་ལི་ཡ་གཞུང་ཕྱོགས་ནས་ཆུ་ལོག་གི་གནོད་འཚེའི་བྱུང་བ་དེར་གདོང་ལེན་དང་རོགས་སྐྱོབ་གནང་རྒྱུའི་གྲ་སྒྲིག་ལ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ཆུ་ལོག་སྐབས་ཡུལ་མིར་སྲོག་སྐྱོན་མི་ཡོང་བ་དང་ཁང་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་བསྐྱར་གསོ་གང་མགྱོགས་ཡོང་བ། ཆུ་ལོག་གི་གནོད་འཚེ་གང་མགྱོགས་ཞི་བའི་སྨོན་ལམ་འདེབས་བཞིན་ཡོད།  ཅེས་བཀོད་ཡོད་འདུག   

 

ཐེངས་འདིའི་ཨོ་སི་ཊོ་ལི་ཡའི་ཆུ་ལོག་གནོད་འཚེ་དེ་ད་དུང་ཡང་སེལ་ཐུབ་མེད་པར། དེ་རིང་ཕྱི་ཚེས་  ༡༡ ཉིན་ཨོ་སི་ཊོ་ལི་ཡའི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ནས་གྲོང་ཁྱེར་ཁག་ཅིག་ནང་ཆུ་ལོག་གནོད་འཚེ་སྔར་ལས་ཚབས་ཆེན་ཆགས་ཏེ། མི་མང་པོ་རྐྱེན་འདས་དང་བོར་བརླག་ཏུ་འགྲོ་བཞིན་ཡོད་པ་དང་། ཡུལ་མིའི་སྡོད་ཁང་མང་པོ་ཆུའི་ནང་དུ་ནུབ་ཡོད་འདུག ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་དེ་ནི་ཨོ་སི་ཊོ་ལི་ཡའི་ལོ་རྒྱུས་ཐོག་རང་བྱུང་གི་གོད་ཆག་ཆེ་ཤོས་དེ་ཡིན་འདུག  

 

གསར་འགོད་པ་དོན་གོ་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

2 thoughts on “༸གོང་ས་མཆོག་གི་འཚམས་འཕྲིན།

  1. འབོད་སྐུལ་ནང་ན་ཡིག་ནོར་འདུག།
    དོན་༼གོས༽་མ་རེད་དོན་༼གོ༽་རེད།།
    ༼ཟབ་ཟབ་༽མ་རེད་༼གཟབ་གཟབ༽་རེད།།
    ༼གྱུར་༽ཉེན་མ་རེད་༼འགྱུར༽་ཉེན་རེད།།
    ༼ཟབ་ཟབ༽་མ་རེད་༼གཟབ་གཟབ༽་རེད།།

    གསར་འགྱུར་ནང་ན་ཡིག་ནོར་འདུག།
    བྱེད་འབྲེལ་ཕྲད་ཀྱི་ཡིག་ནོར་འདུག།

  2. གཟི་མིག་༣པ

    གསར་འགོད་པ་དོན་གོས་ལགས་དག་ཆ་ལ་ཟབ་ཟབ་མ་བྱས་ན་གསར་འགོད་པ་ཁྱེད་རང་ཚོ་ནི་བོད་ཀྱི་རིག་གནས་འཕྲོ་བརླག་གཏོང་མཁན་དུ་གྱུར་ཉེན་འདུག་།།།།།།།།
    གསར་འགོད་པ་ཚོ་ཟབ་ཟབ་ཟབ་གནང་རོགས་