ཐེ་ཝན་གྱི་འཕུར་མདེལ་ཚོད་ལྟ།

 

དེ་རིང་ཐེ་ཝན་གྱི་དམག་དཔུང་གིས་ཤར་ཕྱོགས་ཀྱི་ཅཱིག་ཕན་དམག་དོན་ས་ཚིགས་ནས་མཁའ་དབྱིངས་སུ་འཕུར་འདེལ་གཏོང་བའི་དྲག་ཆས་ཚོད་ལྟ་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་དང་། ཐེ་ཝན་སྲིད་འཛིན་མཱ་ཡོན་ཅིག་གིས་ཐེ་ཝན་དམག་ཁུལ་གསུམ་གྱི་དམག་འཛིན་གྱི་མིང་ཐོག་ནས་དམག་སྦྱོང་དེར་དངོས་སུ་གཟིགས་སྐོར་ཡང་བྱས་ཡོད་འདུག

འཕུར་མདེལ་ཚོད་ལྟའི་དུས་ཚོད་ནི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིར་རྒྱལ་དོན་ཕྱོགས་སྐྱོད་ཀྱི་ཉིན་དང་པོར་འཁེལ་ཡོད་སྟབས། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་དང་གླེང་སློང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ཀྱང་། སྲིད་འཛིན་མཱ་ཡོན་ཅིག་གིས་གསར་འགོད་པ་དག་གི་དྲི་བའི་ལན་དུ། ཐེངས་འདིའི་འཕུ་མདེལ་ཚོད་ལྟ་དང་ཧོ་ཅིན་ཐའོ་ཡི་ཕྱོགས་སྐྱོད་གཉིས་ལ་འབྲེལ་བ་མེད་ཚུལ་བརྗོད་འདུག  ཐེ་ཝན་རྒྱལ་སྲུང་དམག་ཁུལ་གྱི་༼མཉམ་འབྲེལ་མཁའ་ལམ་བརྟན་སྲུང་འཕུར་མདེལ་ཚོད་ལྟ༽ཞེས་པ་འདི་ནི། མཱ་ཡོན་ཅིག་སྲིད་འཛིན་དུ་བསྡད་པའི་རིང་གི་ཆེས་ཆེ་བའི་དྲག་ཆས་ཚོད་ལྟ་དེ་ཆགས་ཡོད་འདུག

ཐེ་ཝན་ཕྱི་སྲིད་མགྲིན་ཚབ་པ་ཀྲཱང་ཅིས་ཕེན་གྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཧུའུ་ཅིན་ཐའོ་ཐེངས་འདིར་ཨ་རིར་རྒྱལ་དོན་ཕྱོགས་སྐྱོད་ཀྱི་དུས་སྐབས་རིང་། ཐེ་ཝན་ཕྱི་འབྲེལ་ལས་ཁུངས་ཀྱིས་དུས་ལྟར་ཨ་རིར་བསམ་ཚུལ་བརྗེ་ལེན་གྱི་གནས་ཚུལ་གཏོང་ལེན་བྱས་ཏེ། ཐེངས་འདིར་ཕྱོགས་གཉིས་ཀྱི་གླེང་མོལ་ཀྱི་ནང་དོན་ཁག་ལ་རྒྱུས་ལོན་བྱེད་ཀྱི་ཡོད་སྐོར་དང་། དེ་བཞིན་ཨ་རིའི་གཞུང་གིས་ཐེ་ཝན་ལ་དྲག་ཆས་མཁོ་སྤྲོད་གནང་རྒྱུའི་རེ་སྐུལ་ཡང་ཞུས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply