སྙིང་གི་ཚི་ལུ།

 

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཡིག་གི་མཛའ་འཕྲིན་འགྲན་བསྡུར་གྱི་གསལ་བསྒྲགས།

ཟླ་བ་གཉིས་པའི་ཚེས་ ༡༡ ཉིན་གྱི་དགོང་མོ།  ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་བོད་ཡིག་གི་ཐོག་ནས་ཕོ་མོའི་བརྩེ་བ་མཚོན་སྟངས་ཀྱི་སྐོར་ལ་ཚོགས་འདུ་སྙིང་གི་ཚི་ལུ་ཟེར་བ་ཞིག་འཚོགས་གཏན་འཁེལ་ཡོད་པའི་ཞིབ་ཕྲའི་གསལ་བསྒྲགས་ནི་མི་འགྱངས་པར་སྤེལ་བར་འགྱུར་བ་ལྟར་ལ།  ཚོགས་འདུ་དེའི་ཆ་གཅིག་ནི་བོད་ཡིག་ཏུ་བྲིས་པའི་མཛའ་འཕྲིན་གྱི་འགྲན་བསྡུར་ཞིག་སྤེལ་རྒྱུ་ཡིན།

བོད་ཡིག་གི་མཛའ་འཕྲིན་གྱི་འགྲན་བསྡུར་ལ་ཞུགས་འདོད་པ་རྣམས་ཀྱི་མཛའ་འཕྲིན་ལ་རྩེ་དཔེ་མཛོད་ཁང་ལ་འབྱོར་བ་ན།  ང་ཚོས་དེའི་ཁྲོད་ནས་མཛའ་འཕྲིན་བཅུ་བདམས་ནས་མཐའ་མའི་འགྲན་བསྡུར་གྱི་གྲས་སུ་འཇོག་རྒྱུ་ཡིན།  མཐའ་མའི་འགྲན་བསྡུར་གྱི་གྲས་སུ་ཚུད་པའི་མཛའ་འཕྲིན་བཅུ་བོ་དེ་དབྱིན་ཡིག་ཏུ་ཡང་བསྒྱུར་ནས།  གོང་གསལ་ཟླ་གཉིས་པའི་ཚེས་བཅུ་གཅིག་གི་དགོང་མོའི་འགྲན་བསྡུར་དངོས་གཞིའི་སྐབས་སུ་བོད་ཡིག་གི་མ་ཡིག་གྱེར་ཀློག་བྱེད་པའི་སྐབས་དེར་དབྱིན་འགྱུར་མ་དེ་ཡང་རས་པྲའི་ངོས་སུ་འཆར་དུ་འཇུག་རྒྱུ་ཡིན།  མཛའ་འཕྲིན་གྱེར་ཀློག་ཚར་བ་ན་དྲ་ཐོག་དང་ཚོགས་འདུ་ལ་དངོས་ཕེབས་ཀྱི་ཚོགས་ཞུགས་པ་ཡོངས་ནས་འོས་ཤོག་འཕངས་ནས་མཛའ་འཕྲིན་སྙན་ཤོས་དེ་འདེམས་རྒྱུ་དང་།  འོས་ཤོག་མང་ཉུང་ལྟར་མཛའ་འཕྲིན་ཨང་རིམ་དང་པོ་དང་གཉིས་པ།  གསུམ་པ་རེ་རེ་བདམས་ནས་གཟེངས་རྟགས་འབུལ་རྒྱུ།

མཛའ་འཕྲིན་གྱི་འགྲན་བསྡུར་ལ་ཞུགས་འདོད་པ་རྣམས་ཀྱིས་གཤམ་གསལ་གྱི་དོན་ཚན་རྣམས་ཐུགས་ངེས་གནང་རོགས།

༡། ཟླ་བ་གཉིས་པའི་ཚེས་ལྔ་ཚུན་དུ་ལ་རྩེ་དཔེ་མཛོད་ཁང་གི་གློག་ཡིག་གི་ཁ་བྱང་ [email protected] ཐོག་ལ་གཏོང་རོགས།

༢།  སྔོན་མ་བྲིས་པའི་མཛའ་འཕྲིན་ངོ་མ་ཞིག་གམ་ཡང་ན་ད་ལྟ་གསར་དུ་བརྩམས་པ་གང་ཡང་རུང་།  ངེས་པར་བོད་ཡིག་གི་ལམ་ནས་བརྩམས་པ་ཞིག་ཡིན་དགོས།

༣། ངེས་པར་དུ་ཧི་གཟུགས་སམ་རྒྱལ་སྤྱིའི་གཅིག་གྱུར་ཨང་གྲངས་གཅིག་གྱུར་ཅན་གྱི་ཡིག་གཟུགས་སུ་འབྲི་དགོས།

༤། མང་མཐའ་ཤོག་གྲངས་གསུམ་ལས་མ་མང་བ།

༥།  སྨྱུག་མིང་ཡོད་ན་དེའི་ཞོར་དུ་རང་མིང་ངོ་མ་དང་།  བཞུགས་གནས་ཀྱི་ཁ་བྱང་དང་།  གློག་ཡིག་གི་ཁ་བྱང་།  ཁ་པར་ཨང་གྲངས་བཅས་གསལ་པོར་འགོད་དགོས།

༦།  སྔར་ཡོད་ཀྱི་མཛའ་འཕྲིན་གང་ཞིག་ལ་དམིགས་བསལ་གྱི་རྒྱབ་ལྗོངས་བརྗོད་རྒྱུ་ཡོད་ན་ཟུར་བརྗོད་གནང་རོགས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply