དགེ་རྒན་ས་མིག་གསལ་བསྒྲགས།

དགེ་རྒན་ས་མིག་གསལ་བསྒྲགས།
 
༄༅།      །སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ཁྱབ་ཁོངས་གཏན་ཉིན་སློབ་ཁག་གི་ནང་དགེ་རྒན་དགོས་མཁོ་ཡོད་ན་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ནས་དགོས་མཁོའི་ལག་ཁྱེར་ཡིག་ཆ་ངོ་བཤུས་ཁག་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ འགྱངས་མེད་གོང་ཞུས་ཡིག་ཚང་དུ་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་དགོས།
 
ཀ༽        གཞི་རིམ་བར་མའི་དབྱིན་ཡིག་དགེ་རྒན། TGT Eng.) ས་མིག་ ༡ གཤམ་གསལ་ཕོགས་རིམ་ཚད་གཞི་ལྟར་ཟླ་རེའི་གླ་ཕོགས་ཁྱོན་བསྡོམས་སྒོར་ ༡༠༥༢༥་༠༠ ཐོབ་རྒྱུ།
8100-50-8300 -EB- 70-8370-8650 -EB- 100-8750-9150 -EB- 130-9280-9800
དགོས་མཁོའི་ཤེས་ཚད་དང་ལོ་ཚད།
༡། ཉུང་མཐར་དབྱིན་ཡིག་ཐོག་གཙུག་ལག་སློབ་གཉེར་(M.A.)གྲུབ་འབྲས་ཨང་སྡེ་གཉིས་པ་སོན་པ། 
༢། ཤེས་ཡོན་དང་སློབ་ཁྲིད་ཐོག་ཌིག་རིའམ་སྦྱོང་བརྡར་ཡོད་པ།
༣། རང་ལོ་དམའ་མཐའ། ༢༤ དང་ ༤༠ ལས་མ་བརྒལ་བ་ཞིག་དགོས།
ཁ༽        གཞི་རིམ་བར་མའི་ཨང་རྩིས་དགེ་རྒན། (TGT Maths)ས་མིག་ ༣ གཤམ་གསལ་ཕོགས་རིམ་ཚད་གཞི་ལྟར་ཟླ་རེའི་གླ་ཕོགས་ཁྱོན་བསྡོམས་སྒོར་ ༡༠༥༢༥་༠༠ ཐོབ་རྒྱུ།
8100-50-8300 -EB- 70-8370-8650 -EB- 100-8750-9150 -EB- 130-9280-9800
དགོས་མཁོའི་ཤེས་ཚད་དང་ལོ་ཚད།
༡། ཉུང་མཐར་མཐོ་སློབ་(B.Sc. Non Med.)གྲུབ་འབྲས་ཨང་སྡེ་གཉིས་པ་སོན་པ།
༢། དགེ་འོས་སློབ་ཁྲིད་ཐོག་ཌིག་རིའམ་སྦྱོང་བརྡར་ཡོད་པ།  
༣། རང་ལོ་དམའ་མཐའ། ༢༢ དང་ ༤༠ ལས་མ་བརྒལ་བ་ཞིག་དགོས།
ག༽        གཞི་རིམ་བར་མའི་ཚན་རིག་དགེ་རྒན། (TGT Science )ས་མིག་ ༡ གཤམ་གསལ་ཕོགས་རིམ་ཚད་གཞི་ལྟར་ཟླ་རེའི་གླ་ཕོགས་ཁྱོན་བསྡོམས་སྒོར་ ༡༠༥༢༥་༠༠ ཐོབ་རྒྱུ།
8100-50-8300 -EB- 70-8370-8650 -EB- 100-8750-9150 -EB- 130-9280-9800
དགོས་མཁོའི་ཤེས་ཚད་དང་ལོ་ཚད།
༡། ཉུང་མཐར་མཐོ་སློབ་( Bsc.)གྲུབ་འབྲས་ཨང་སྡེ་གཉིས་པ་སོན་པ།
༢། དགེ་འོས་སློབ་ཁྲིད་ཐོག་ཌིག་རིའམ་སྦྱོང་བརྡར་ཡོད་པ།  
༣། རང་ལོ་དམའ་མཐའ། ༢༢ དང་ ༤༠ ལས་མ་བརྒལ་བ་ཞིག་དགོས།
 
གོང་གསལ་དགེ་རྒན་རྣམས་ལ་སྤྱི་ཡོངས་སུ་ཚང་དགོས་པའི་ཆ་རྐྱེན།
༡། ཚད་ལྡན་སྨན་ཁང་གང་རུང་ནས་གཟུགས་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ལག་ཁྱེར།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར།    
༣། དྭང་བླང་དཔྱ་དངུལ་ལག་དེབ།
༤། སྐྱེས་ལོ་སྐྱེས་ཚེས་ལག་ཁྱེར།     
༥། ཤེས་ཚད་ལག་ཁྱེར་ཁག་དང་གྲུབ་འབྲས་ཨང་ཤོག
༦། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
 སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ནས།            ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༥ ལ།།
The Director,
Sambhota(STSS)Near TCRPC,Session Rd.
P.O.Dharamsala-176215,Distt.Kangra(H.P.)
Tele: 01892-226877 OR 228877

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply