བཙུན་མ་གསར་བསྡུའི་གསལ་བསྒྲགས།

སྔ་འགྱུར་བཙུན་མགོན་ཤུག་གསེབ་ཨོ་རྒྱན་རྫོང་དུ་བཙུན་མ་གསར་བསྡུའི་གསལ་བསྒྲགས།
 
 
            འདི་ལོར་སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨོ་རྒྱན་རྫོང་དུ་བཙུན་མ་ཉི་ཤུ་གསར་བསྡུ་བྱ་རྒྱུ་ཡིན་ན།འདིར་ཞུགས་བློ་ཡོད་རིགས་རྣམས་ཀྱིས་༢༠༡༡ཟླ་ཚེས་༢༨ལས་འགྱངས་མེད་ཤུག་གསེབ་བཙུན་དགོན་གྱི་ལས་ཁུངས་སུ་སྙན་ཞུ་བྱ་དགོས་རྒྱུ་དང།དེ་ལས་ཕྱི་ན་རྩིས་མེད་གཏང་རྒྱུ།སྙན་ཞུ་འབྱོར་རིགས་ནང་ནས་གསར་ཞུགས་ཀྱི་ཆ་རྐྱེན་ཚང་རིགས་རྣམས་༢༠༡༡ཟླ་ཚེས་ཉིན་ཚོད་ལྟའི་རྒྱུགས་སྤྲོད་ལེན་ཏེ་གསར་འདེམས་བྱ་རྒྱུ་ཡིན་པས།གཤམ་གསལ་རྣམས་ལ་ཐུགས་དོགས་འབྱུང་ཚེ་འོག་ཏུ་འཁོད་པའི་ཁ་བྱང་དང་ཁ་པར་ཐོག་ལ་འབྲེལ་བ་གནང་རོགས།བཙུན་དགོན་འདིར་སློབ་ཚན་ནི་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོ་ག་ཕྱག་ལེན།དབྱིན་ཡིག་སོགས་དུས་ཡུན་ལོ་དགུའི་རིང་སློབ་སྦྱོང་སྤྲོད་བཞིན་ཡོད།
 
ཆ་རྐྱེན།
 
༡༽ནང་ཆོས་ལ་དོན་གཉེར་ཡོད་པ་གང་ཞིག་རང་ལོ་༡༧ཡན་དང༢༥མན་ཡིན་པ།
༢༽འདས་པའི་ཆར་རྙོག་གླེང་གི་ལོ་རྒྱུས་མེད་པ་དང།མ་འོངས་པར་ཡང་དེ་ལྟར་མི་འབྱུང་བའི་འགན་ལེན་རྒྱབ་གཉེར་ཡི་གེ་ཡོད་པ།
༣༽ཡོང་ཁུངས་གང་ཡིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ཡི་གེ་ཞིག་དགོས།
༤༽སློབ་གཉེར་ལ་ནད་གཞིའི་ཪིགས་མེད་པའི་སྨན་ཁང་ནས་སྨན་པའི་རྒྱབ་གཉེར་ཡི་གེ་དགོས་ རྒྱུ།
༥༽དོ་བདག་གི་ལོ་གྲངས་ཚད་འཛིན་ཆེད་ཁུངས་སྐྱེལ་ཡིག་ཆ་ཚད་ལྡན་ཡོད་པ།
༦༽གསར་ཞུགས་ཆ་རྐྱེན་ཚང་རིགས་རྣམས་ལ་ལན་འབུལ་བའི་ཆེད་དུ་སྙན་ཞུ་བ་རང་གིས་ཁ་བྱང་དང་ཞལ་པར་ཨང་གྲངས་གང་རུང་འཁོད་དགོས་རྒྱུ།
 
སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨོ་རྒྱན་རྫོང་གི་འདུས་སྤྱི་ནས་༢༠༡༡ཟླ་༡ཚེས་༡༠ལ།
 
Ogyen Dolma
Ngagyur Shugseb Institute
Vill, Gharoh. Dharamsala 176215
INDIA
Phone Number 9418833804
 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply