ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོར་གསུང་ཆོས་ལེགས་པར་གྲུབ་པ།

༄༅།།ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོར་གསུང་ཆོས་ལེགས་པར་གྲུབ་པ།
 
དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། ཞྭ་བསྟན་པའི་མངའ་བདག་ྋསྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རི་རྫོང་སྲས་རིན་པོ་ཆེ་ྋརྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས།
སྤྱི་ལོ་༢༠༡༠ ཟླ་༡༢ ཚེས་༡༥ ཚེས་༢༦ བར་ཉིན་གྲངས་༡༢ རིང་གདན་ས་བཀྲ་ཤིས་ལྷུན་པོར་ྋརྗེ་དངུལ་ཆུ་ངག་དབང་རྡོ་རྗེ་དང་རྒྱལ་བ་དབེན་ས་བ་བློ་བཟང་དོན་གྲུབ་ཀྱི་གསུང་འབུམ་བཅས་ཀྱི་ལྗགས་ལུང་བཀའ་དྲིན་ཤིན་ཏུ་ཆེ་བ་ལེགས་གྲུབ་པ་དང༌། ཚེས་གྲངས་༢༤ ཉིན་མགོན་པོ་གང་ཉིད་སྤྱི་སྒོས་བསྟན་འགྲོའི་མགོན་དཔུང་དམ་པར་ྋསྐུ་ཚེས་ཞབས་པད་ཡུན་རིང་བརྟན་པར་བརྟན་བཞུགས་གསོལ་འདེབས་ལེགས་འབུལ་དང་བཅས་ལེགས་པར་གྲུབ་པའི་གནས་བསྡུས་དང༌། གསུང་ཆོས་སྐབས་བཀྲ་ཤིས་ལྷུན་པོ་གྲྭ་ཚང་གི་མཁན་རིན་པོ་ཆེས་དབུས་གྲྭ་ཚང་གིས་རྒྱབ་སྐྱོར་བླ་མེད་གནང་བར་འདི་གར་དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ལགས། ཞེས་དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས་སྤྱི་ལོ་༢༠༡༡ ཟླ་༡ ཚེས་༡༢ ལ།
 
འབྲེལ་གཏུགས་ཁ་བྱང།
 
Geden Pacho Bhucho Preservation Centre
Gangchen Kyishong
Dharamsala Pin-176 215
District Kangra HP India
Tel: +91- 1892-226601 or 228261         www.gedenphachobhucho.org

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply